[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • མངའ་རིས་སུ་རི་ཐང་རྐང་འཁོར་བྱེ་བགྲོད་འགྲན་སློང་འགྲན་བསྡུར་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-10

    ཚེས་7ཉིན། མ་ཕམ་གཡུ་མཚོའི་ངོགས་སུ་2019ལོའི་སྐབས་གཉིས་པའི་མངའ་རིས་ཀྱི་རི་ཐང་རྐང་འཁོར་བྱེ་བགྲོད་འགྲན་སློང་འགྲན་བསྡུར་དེ་འགོ་ཚུགས་ཤིང་། མཐར་མཚོ་སྔོན་ནས་ཡིན་པའི་ཝེ་ཁུའེ་དང་ཧྲན་ཤིས་ནས་ཡིན་པའི་ཀྲང་ཞི་ཤིས་ཀྱིས་ཆུ་ཚོད་1དང་སྐར་མ་52དང་སྐར་ཆ་53ཚེག་058དང་ཆུ་ཚོད་2དང་སྐར་མ་8དང་སྐར་ཆ་35ཚེག་05ཡི་གྲུབ་འབྲས་ཐོག་ནས་སྐྱེས་པ་དང་བུད་མེད་ཚོགས་ཆུང་གི་ཨང་དང་པོ་བླངས་པ་རེད།

    ཐེངས་འདིའི་འགྲན་བསྡུར་ནང་ཁྱོན་རྒྱལ་ཡོངས་ནས་ཡོང་བའི་རྐང་འཁོར་རུ་ཁག་8དང་བདམས་ཐོན་པ་38འགྲན་བསྡུར་ལ་ཞུགས་པའི་ཡིད་དབང་བཀུག་པ་དང་། འགྲན་བསྡུར་དེ་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་དུ་བྱས་ཤིང་། བདམས་ཐོན་པ་ཚོས་གྲགས་ཅན་ཡུལ་སྐོར་གནས་མཆོག་མ་ཕམ་གཡུ་མཚོ་བརྒྱུད་རྐང་འཁོར་བཞོན་ནས་སྤྱི་ལེ་57སྐྱོད་པ་དང་འགྲན་ལམ་གྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4600ཡོད་པ་ལས་བྱེ་རྡོའི་ལམ་དང་། ཆུ་ལམ། གྱེན་ལམ་སོགས་ཚུད་ཡོད།

    ལོ་32ལ་སླེབས་པའི་ཝེ་ཁུའེ་ཡིས་ད་ཐེངས་ཀྱི་འགྲན་བསྡུར་ལ་ཨང་དང་པོ་བླངས་པ་དང་། ཉེ་བའི་ལོ་བདུན་ནང་ཁོང་གིས་བོད་ཀྱི་རྐང་འཁོར་འགྲན་བསྡུར་སྣ་ཚོགས་ཁྲོད་ཨང་དང་པོ་ལེན་མྱོང་ཡོད།

    ཝེ་ཁུའེ་ཡིས་ད་ཐེངས་མངའ་རིས་ཀྱི་འགྲན་བསྡུར་དེ་ནི་ཆ་སྙོམས་ས་བབ་མཐོ་ཤོས་ཡིན་པས་གསོ་རླུང་དེ་བས་དཀོན་པོ་ཡོད། འོན་ཀྱང་ཁོང་གིས་ད་ཐེངས་འགྲན་བསྡུར་ནང་ཞུགས་སྐབས་སེམས་ལྷོད་པོ་འདུག “མངའ་རིས་ཧ་ཅང་མཛེས་ཉམས་ལྡན་ལ་སྤྲིན་པ་བང་རིམ་ལྡན་པ་མ་ཟད། འགྲན་ལམ་དང་མ་ཕམ་གཡུ་མཚོ་ཐག་ཧ་ཅང་ཉེ་པོ་ཡོད་པས་འགྲན་བསྡུར་ཧྲིལ་པོ་ནི་ལོངས་སྤྱོད་ཅིག་ཡིན་པའི་སྣང་བ་སྐྱེ་ཡི་འདུག”ཅེས་བརྗོད།

    ཀྲང་ཞི་ཤིས་ཐེངས་འདིའི་འགྲན་བསྡུར་ནང་བུད་མེད་ཚོགས་པའི་ཨང་དང་པོ་བླངས་ཤིང་། ལོ་33ལ་སླེབས་པའི་ཀྲང་ཞི་ཤིས་ཀྱིས་2013ལོ་ནས་བཟུང་བོད་དུ་རྐང་འཁོར་འགྲན་བསྡུར་ལ་ཞུགས་པ་དང་། 2016ལོ་དང་2017ལོར་ཕྲུ་གུ་སྐྱེས་རྗེས་སླར་ཡང་འགྲན་བསྡུར་ལ་ཞུགས་པ་རེད། ཁོང་གིས“དེ་ནི་དགའ་ཞེན་ཞིག་རེད་ལ། རང་ཉིད་ལ་འགྲན་སློང་བྱས་པ་ཞིག་དེ་བས་རེད། འགྲན་བསྡུར་ཁྲོད་མེས་རྒྱལ་གྱི་མཛེས་སྡུག་ལྡན་པའི་རི་ཀླུང་མྱོང་རོལ་བྱེད་ཐུབ”ཅེས་བརྗོད།

    རྐང་འཁོར་ལུས་རྩལ་ནི་ཐན་ཉུང་དང་། ཁོར་ཡུག་སྲུང་སྐྱོང་། བདེ་ཐང་བཅས་ཀྱི་ལུས་རྩལ་ཞིག་རེད་ལ། དམངས་ཡོངས་ལུས་སྦྱོང་གི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད། ལོ་45ལ་སླེབས་པའི་ཟླ་བ་ཚེ་རིང་ལ་དེའི་ཐད་མྱོང་ཚོར་ཟབ་པོ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།