[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • “ང་ཚོ་ནི་ལྷ་སའི་དགེ་རྒན་གསར་པ་ཡིན”

    —— ཀྲུང་གོ་རྒྱ་མཚོ་སློབ་ཆེན་གྱི་སྐབས་21པའི་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པའི་བོད་ལྗོངས་ཞབས་ཞུ་རུ་ཁག་གི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-10

    འདི་ལོའི་ཟླ་8པར་ཀྲུང་གོ་རྒྱ་མཚོ་སློབ་ཆེན་གྱི་སྐབས་21པའི་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པའི་བོད་ལྗོངས་ཞབས་ཞུ་རུ་ཁག་གིས་ལྷ་སར་དངོས་སུ་དུས་ཡུན་ལོ་གཅིག་རིང་གི་སློབ་སྐྱོར་ལས་དོན་སྤེལ་འགོ་བཙུགས་པ་རེད། ཆིང་ཏའོ་ནས་ལྷ་ས་བར་དང་། སློབ་མ་ནས་དགེ་རྒན་བར། ཁོར་ཡུག་གསར་པ་དང་ཐོབ་ཐང་གསར་པ་བར་བཅས་ཀྱིས་རུ་མི་ཚོར་གཞན་དང་མི་འདྲ་བའི་ལང་ཚོའི་ཉམས་ལེན་དང་ཤེས་ཚོར་ཞིག་སྦྱིན་ཡོད།

    རུ་མི་ཚོའི་སློབ་སྐྱོར་གྱི་ཞབས་འདེགས་ཞུ་ཡུལ་ནི་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ཡིན་པ་དང་། དགེ་རྒན་གསར་པ་ཞིག་གི་ཐོབ་ཐང་ཐོག་ནས་སླར་ཡང་སློབ་ཁང་ནང་བསྐྱོད་པའི་ལས་ཀ་ནི་གསར་པ་ཞིག་རེད་ལ། དེ་བས་རྒྱུས་མངའ་མེད་ཅིང་འགྲན་སློང་ཆེ་བ་ཞིག་རེད།

    “སྔོན་ཆད་ནི་ཤེས་བྱ་སྦྱོང་བ་ཁོ་ནའི་ཆེད་དུ་ཡིན་པ་དང་། ད་རེས་རང་ཉིད་ཀྱིས་གལ་སྲིད་སློབ་ཚན་དེ་རང་ཉིད་ཀྱི་ཁྲིད་ན་ཇི་ལྟར་ཁྲིད་དགོས་མིན་ཐད་བསམ་གཞིག་བྱེད་དགོས་འདུག”ཅེས་ཞབས་ཞུ་རུ་ཁག་གི་རུ་དཔོན་ལི་ཡུས་ཞོན་གྱིས་བརྗོད།

    སེམས་རྣལ་དུ་ཕབ་ནས་སློབ་མ་འཚར་ལོངས་ཡོང་རོགས་བྱས་པ།

    སློབ་འགོ་ཚུགས་པའི་གཟའ་འཁོར་གཉིས་པར་རུ་མི་ཞུས་ཡུན་ཀྲེ་གཞུང་ལས་ཁང་དུ་དཔྱད་གཞིའི་ཡིག་ཆ་ལེགས་སྒྲིག་བྱེད་པའི་སྐབས་སུ་གློ་བུར་དུ་བུ་མོ་ཞིག་གཞུང་ལས་ཁང་དུ་འཛུལ་ཡོང་ནས“རྒན་ལགས། ང་སློབ་གྲྭ་ནས་ཕྱིར་འཐེན་བྱེད་མཁན་ཡིན”ཞེས་བརྗོད་པར་ཞུས་ཡུན་ཀྲེ་སེམས་ཁྲལ་ཆེན་པོ་བྱུང་།

    གང་ལགས་ཤེ་ན། ཁྱིམ་ཚང་གི་དཔལ་འབྱོར་ཆ་རྐྱེན་ཞན་པའི་རྐྱེན་གྱིས་བུ་མོ་མུ་མཐུད་སློབ་གྲྭར་གཏོང་ཐབས་བྲལ་བས། བུ་མོ་དེས་སློབ་གྲྭ་ནས་ཕྱིར་འཐེན་བྱེད་པའི་ཞུ་ཡིག་ཅིག་འཁྱེར་ནས་ཞབས་ཞུ་རུ་ཁག་གི་དགེ་རྒན་འཚོལ་བར་མི་ཡོང་ཀ་མེད་དུ་གྱུར་པས་རེད། འབྲེལ་གཏུག་བྱས་པ་བརྒྱུད་ཞུས་ཡུན་ཀྲེ་ཡིས་སློབ་མ་དེ་སློབ་སྦྱོང་ལ་བརྩོན་འགྲུས་ཆེ་ཞིང་སྦྱངས་འབྲས་ཀྱང་ཡག་པོ་ཡོད་པ་མ་ཟད། བུ་མོ་དེའི་ཁྱིམ་ཚང་གི་ཆ་རྐྱེན་ཅུང་སྐྱོ་ཙམ་ཡོད་པ་ཤེས། སློབ་གྲྭའི་དགེ་རྒན་གྱི་བསམ་འཆར་ཉན་རྗེས་ཞུས་ཡུན་ཀྲེ་ཡིས་སློབ་མ་དེར་ལས་སློབ་བརྩོན་གཉེར་གྱི་ལས་གནས་ངོ་སྤྲོད་བྱས་ཏེ་སློབ་མ་དེ་མུ་མཐུད་སློབ་གྲྭ་འགྲིམ་ནས་ཤེས་བྱ་སློབ་སྦྱོང་དང་འཚར་ལོངས་ཡོང་རོགས་བྱས་པ་རེད།

    ཕུགས་འདུན་དོན་དངོས་སུ་གྱུར་པ།

    ན་ནིང་ཟླ་6པར་བོད་ལྗོངས་ཞབས་ཞུ་རུ་ཁག་གི་རྒན་རབས་པ་ཚོས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་མ་7ཁྲིད་དེ་ཀྲུང་གོ་རྒྱ་མཚོ་སློབ་ཆེན་དུ་བསྐྱོད་ནས་ཡུལ་གཞན་དུ་སློབ་སྦྱོང་དང་སྤེལ་རེས་བྱེད་སྒོ་སྤེལ་བ་རེད། དེ་ནི་ཕྲུ་གུ་ཚོ་བོད་ནས་ཕྱིར་སྐྱོད་ཐེངས་ཐོག་མ་ཡིན་པས་དག་ཚང་མ་ཉམས་ལེན་གསོན་པོ་ཞིག་རེད། “ང་ཚོ་ད་བར་བོད་དུ་བསྡད་སྟབས་ཕྱིའི་འཇིག་རྟེན་ངོ་མཚར་དེ་ལྟ་བུ་ཞིག་ཡོད་པ་བསམ་བློར་ཡང་འཁོར་མ་མྱོང་། ད་བྱེད་དུས་མི་ཚེ་སྐྱེལ་སྟངས་གཞན་ཞིག་ཡོད་པ་འདྲ”སློབ་གྲྭར་ལོག་རྗེས་བཟོ་རྩལ་ཐོན་རྫས་ཆེད་ལས་ཀྱི་བློ་བཟང་ལ་སེམས་འགུལ་ཆེན་པོ་ཐེབས་པ་དང་། ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་རང་བརྟེན་ལས་གཏོད་བྱེད་འགོ་ཚུགས། ད་ཆ་སློབ་གྲྭའི་ལས་གཏོད་དཔེ་མཚོན་ཞིག་ཡིན་པའི་ངོས་ནས། ཁོང་གིས་འབྱུང་འགྱུར་གྱི་གནས་ཚུལ་ལ་རེ་བ་ཆེན་པོ་བྱེད་བཞིན“རང་ཉིད་ཀྱིས་ཀྲུང་གོ་རྒྱ་མཚོ་སློབ་ཆེན་གྱི་སློབ་གྲོགས་ཚོ་དང་འདྲ་བར་འབད་བརྩོན་ལྷོད་མེད་བྱས་ཏེ་དེ་བས་ཡངས་པའི་འཇིག་རྟེན་ཐོག་སོ་སོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱ་རྒྱུ་ཡིན”ཞེས་བརྗོད།

    ཡུལ་གཞན་དུ་སློབ་སྦྱོང་ལ་ཐེངས་ཤིག་སྐྱོད་པའི་ཉམས་མྱོང་གིས་ཕྲུ་གུ་ཚོའི་ཕུགས་འདུན་དོན་དངོས་སུ་གྱུར་པ་དང་། དེས་ཞབས་ཞུ་རུ་ཁག་གི་རུ་མི་ཚོའི་ཡིད་ཆེས་ཆེ་རུ་ཕྱིན་ནས་ལང་ཚོའི་ཕུགས་འདུན་མུ་མཐུད་བརྒྱུད་སྤྲོད་བྱ་རྒྱུ་རེད།

    ལང་ཚོའི་གདམ་ག

    དེང་རབས་སློབ་གྲྭ་ཆེ་མོ་བས་ཇི་ལྟར་བྱས་ནས་ལང་ཚོའི་དུས་ཀྱི་གདམ་ག་བྱེད་དགོས་སམ། ཀྲུང་གོ་རྒྱ་མཚོ་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པའི་བོད་ལྗོངས་རུ་ཁག་གི་རུ་མི་ཚོས་སོ་སོའི་བྱ་སྤྱོད་དངོས་ལ་བརྟེན་ནས་ལན་གསལ་པོ་ཞིག་བརྒྱབ་ཡོད།

    མ་གཞི་བྱས་ན་སློབ་ཆེན་ཐོན་རྗེས་ལྟོ་གོས་ལ་སེམས་ཁྲལ་མེད་པའི་ལས་ཀ་ཡག་པོ་ཞིག་རག་ཐུབ་ངེས་རེད། ཡིན་ནའང་རུ་མི་སུན་ཡིང་གིས་མེས་རྒྱལ་གྱི་དགོས་མཁོ་ཆེ་ཤོས་ཀྱི་སར་ཞབས་ཞུ་དང་ལེགས་སྐྱེས་འབུལ་བར་སྐྱོད་རྒྱུའི་གདམ་ག་བྱས། ཁོང་གིས“སློབ་སྐྱོར་གྱི་བརྒྱུད་རིམ་ཁྲོད་རང་ཉིད་ཀྱིས་རྒྱལ་ཁབ་ཀྱི་གནས་ཚུལ་དང་། སྤྱི་ཚོགས་ཀྱི་གནས་ཚུལ། དེ་བཞིན་ལྷ་སའི་སློབ་མ་ཚོའི་འཚོ་བ་བཅས་ལ་ཤེས་རྟོགས་དང་ངོས་འཛིན་གཏིང་ཟབ་བྱུང་བ་དང་། རང་ཉིད་ཀྱིས་མེས་རྒྱལ་དང་སློབ་མ་ཚོར་ངེས་པར་དུ་ཞབས་འདེགས་ཞུ་རྒྱུ་ཡིན། མི་རྣམས་ཀྱིས་རྟག་ཏུ་སོ་སོའི་ཆེད་དུ་འཚོ་ཐབས་བྱེད་རྒྱུར་བསམ་བློ་གཏོང་མི་རུང་། རང་ཉིད་ཀྱི་ལང་ཚོ་ཆུང་ཆུང་དེ་མེས་རྒྱལ་གྱི་འཕེལ་རྒྱས་ཆེན་པོའི་ནང་མཉམ་འདྲེས་བྱས་ན་ངའི་བསམ་པར་དེ་ནི་ལང་ཚོའི་རིན་ཐང་མངོན་ས་དང་དོན་སྙིང་ལྡན་ས་ཞིག་རེད”ཅེས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།