[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་ཤེས་བྱའི་བདག་དབང་ལ་སྲུང་སྐྱོང་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-07

    ཉེ་བའི་ལོ་ཤས་རིང་། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་ཚོང་དོན་རྣམ་པའི་དབང་གནོད་ཀྱི་བྱེད་སྤྱོད་ལ་དམིགས་ཏེ། གནད་སྨིན་ཇུས་འདོན་དང་གནད་འཁེལ་ཤུགས་འདོན་གྱིས་ཕྱིར་གཏོང་ནང་འདྲེན་ལྷུ་ཚིགས་ཀྱི་དབང་གནོད་བྱེད་སྤྱོད་ལ་རྡུང་རྡེག་བཏང་བ་དང་ཟིལ་གྱིས་མནན་ནས་དྲང་སྙོམས་དང་གོ་རིམ་ལྡན་པའི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་སྒྲིག་ལམ་ལ་སྲུང་སྐྱོང་བྱས་པ་རེད། འདི་ལོ་ལྷ་ས་འགག་སྒོ་ལས་ཁུངས་ཀྱིས“འབྲུག་འཕྱོ་བྱ་སྤྱོད་2019ལོའི”ཤེས་བྱའི་བདག་དབང་སྲུང་སྐྱོང་གི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་བར་ཤེས་བྱའི་བདག་དབང་ལ་གནོད་འཚེ་བཏང་བའི་གྱོད་གཞི་ཁག་11རྩད་ཆོད་པ་དང་གྱོད་འབྲེལ་དབང་གནོད་དོགས་ཡོད་དངོས་ཟོག་2109རྩད་ཆོད་ཐུབ་པར་རིན་ཐང་སྒོར་ཁྲི་12.2ཟིན་ཡོད་པ་རེད།

    “འབྲུག་འཕྱོ་བྱ་སྤྱོད་2019ལོ”ནུས་ལྡན་ངང་སྤེལ་རྒྱུ་འགན་ལེན་བྱ་ཆེད། འདི་ལོའི་ཟླ་7ཚེས་1ཉིན་ནས་བཟུང་། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་འཛད་སྤྱོད་གློག་རྡུལ་རིགས་ཀྱི་ཐོན་རྫས་དང་། གྱོན་ཆས། ལྷམ་སོགས་སྤྱི་དམངས་ཀྱི་བདེ་ཐང་དང་བདེ་འཇགས་ལ་གནོད་འཚེ་བཟོ་སྲིད་པའི་ཚོང་ཟོག་གཙོ་གནད་དུ་བྱས་ཏེ་ནེ་པ་ལ་ས་ཁུལ་དུ་གཏོང་བའི་དབང་གནོད་དངོས་ཟོག་ལ་ལྟ་སྐུལ་དོ་དམ་ནུས་ལྡན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ་རེད། དེ་དང་ཆབས་ཅིག་དེ་སྔོན་གྱི་དབང་གནོད་ཀྱི་ཉེན་ཁ་ཅུང་ཆེ་བའི་གཙོ་གནད་སྤུས་རྟགས་ལ་དམིགས་ཏེ། སྐབས་བསྟུན་འཐེན་བཤེར་དང་གནད་སྨིན་ཚོད་འཛིན་མཐུན་སྦྱོར་ལས་བགོས་དང་ལེགས་ཆ་གསབ་རེས་ཀྱིས་ཉེན་ཁའི་གཅིག་གྱུར་སྔོན་འགོག་ལམ་སྲོལ་བཟོས་ནས་བརྟག་བཤེར་ཚོད་འཛིན་གྱི་གནད་སྨིན་ཐུབ་ཚད་སྔར་བས་མཐོ་རུ་བཏང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།