[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • མཚོ་བོད་ལྕགས་ལམ་གྱི་རྩལ་ནུས་མཁས་ཅན་ལས་དོན་ཁང་ཁག་དང་པོ་བཙུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-07

     ཉིན་ཤས་གོང་། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིས“མཚོ་བོད་ལྕགས་ལམ་གྱི་རྩལ་ནུས་མཁས་ཅན་ལས་དོན་ཁང”ཁག་དང་པོ་བཙུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་བོད་ཚོགས་པ་ཀུང་སིས་རྩལ་ནུས་མཁས་ཅན་ལས་དོན་ཁང་རེར་ཐེངས་གཅིག་ལ་སྒོར་ཁྲི་10ཟིན་པའི་ལྷན་སྦྱར་མ་དངུལ་བཏང་སྟེ། མཁྲེགས་ཆས་མཉེན་ཆས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། བྱང་ཡིག་ལྕགས་བཟོས་མ་དང་ལག་ཁྱེར་སྤྲོད་པའི་ཐད་སྤྱོད་རྒྱུ་རེད། དབང་བཅོལ་ཁོངས་གཏོགས་ས་ཚིགས་ཀྱིས་རྩལ་ནུས་མཁས་ཅན་ལས་དོན་ཁང་གི་འགན་འཁུར་བ་དང་དམིགས་ཚད་ལས་འགན་གྱི་འགན་འཁྲིའི་ཡི་གེ་བཞག་སྟེ་དབང་ཆ་དང་འོས་འགན་ཁ་གསལ་བཟོས་ནས་ལོ་རེ་བཞིན་ལས་འགན་དང་དམིགས་ཚད་གཙོ་བོ་འདོན་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།