[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རྫ་ཡུལ་རྫོང་རིའུ་ཤོད་གྲོང་ཚོས་གཞི་རིམ་གྱི་ཏང་རྩ་འཛུགས་སྟོབས་ཆེར་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-05

    ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་། འཐབ་ནུས། འབོད་སྐུལ་བྱེད་ཤུགས་བཅས་སྔར་བས་ཆེ་རུ་གཏོང་ཆེད། རྫ་ཡུལ་རྫོང་མགོ་ཡུལ་ཤང་རིའུ་ཤོད་གྲོང་ཚོས་མང་ཚོགས་ཚོས་གླེང་མང་བའི་མངོན་གསལ་དོད་པའི་གནད་དོན་ནས་འགོ་བཙུགས་ཏེ་རྩ་འཛུགས་སྟོབས་ཆེར་གཏོང་བ་དང་། ཚན་ཁག་ལ་དམ་འཛིན་ཡག་པོ་བྱེད་པ། དཔུང་ཁག་གི་སྣེ་ཡག་པོ་འཁྲིད་པ་སོགས་ཀྱི་བྱ་ཐབས་རབ་དང་རིམ་པ་བརྒྱུད་དེ་སྔའི“རྗེས་ལུས་གྲོང་ཚོ”བཅོས་སྒྲིག་བྱས་ནས“དཔེ་མཚོན་གྲོང་ཚོར”འགྱུར་ལྡོག་བཏང་བས་ནུས་མེད་ཟབ་ཟོབ་ནས་སེམས་ནུས་གཅིག་སྒྲིལ་བར་འགྱུར་ལྡོག་བྱུང་ཡོད།

    མང་ཚོགས་ཀྱིས་རིའུ་ཤོད་གྲོང་ཚོའི་ཏང་རྩ་འཛུགས་ལ་བསམ་ འཆར་ཅུང་མང་བའི་གནད་དོན་ལ་དམིགས་ཏེ་མགོ་ཡུལ་ཤང་ཏང་ཨུད་ཀྱིས“123”རོགས་སྐྱོར་ལམ་སྲོལ་དུས་ཐོག་ཏུ་བཟོས་ནས་རོགས་སྐྱོར་དང་ལྟ་སྐུལ་མཛུབ་ཁྲིད་བྱས་པ་རེད། མིག་སྔའི་བར། རིམ་རྩིས་བྱས་ན་དག་ཐེར་ལས་དོན་ལ་མཛུབ་ཁྲིད་ཐེངས་20ལྷག་ཙམ་བྱས་པ་དང་། དོན་འཁྱོལ་གྱི་གནས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་ཐེངས་50ལྷག་ཙམ་བྱས་པ། རིམ་རྩིས་བྱས་ནས་གཅིག་གཏད་གཅིག་གི་རོགས་སྐྱོར་ཐེངས་70ལྷག་ཙམ་བྱས་ཡོད། མིག་སྔའི་བར། རིམ་རྩིས་བྱས་ན་ཞིང་འབྲོག་མང་ཚོགས་དུད་ཚང་60ལྷག་ཙམ་ལ་འདྲི་རྟོག་བྱས་ཏེ། མང་ཚོགས་300ལྷག་ཙམ་དང་སྙིང་གཏམ་ཤོད་རེས་བྱས་པ་དང་། བསམ་འཆར་དང་གྲོས་འགོ་30ལྷག་ཙམ་བསྡུས་པ། འགལ་ཟླ་སྣ་ཚོགས་ཐེངས་20ལྷག་ཙམ་བསལ་བ། མང་ཚོགས་ཀྱི་འཚོ་བའི་དཀའ་ངལ་དང་གནད་དོན་15ཐག་གཅོད་བྱས་པ་རེད།

    ཏང་ཡོན་གྱིས་སྣེ་ཁྲིད་འདུ་ཤེས་ཞན་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་མངོན་གསལ་དོད་པོ་མེད་པར་དམིགས་ཏེ་རིའུ་ཤོད་གྲོང་ཚོའི་ཏང་ཀྲི་པུས་ཏང་ཡོན་ལ་ཚད་ཤིང་འཛུགས་པ་དང་ནུས་པ་ཐོན་པར་རོགས་རམ་བྱས་པ་རེད། ཏང་གི་སློབ་ཚན་འཁྲིད་པ་དང“གནད་དོན་འཕྲད་སྐབས་འཕྲལ་དུ་ཐག་གཅོད་ཐུབ་པ་དང་འགག་རྩའི་དུས་སུ་ནུས་པ་ཐོན་པའི”བགྲོ་གླེང་ཆེ་མོ་དང་། གསར་བརྗེའི་གླུ་གཞས་གཏོང་བ། གསུང་རབ་ཀློག་པ། དང་བླངས་ཞབས་ཞུ། “བདུན་གཅིག”ཏུ་ཏང་ཞུགས་དམ་བཅའ་བསྐྱར་འཇོག་སོགས་ཀྱི་བྱེད་སྒོ་སྤེལ་ནས་ཏང་ཡོན་ཚོས་རང་ཉིད་ཏང་ཡོན་ཡིན་པའི་ངེས་གནས་དང་མོས་སེམས་འཕེལ་བར་བྱས་པ་རེད། མིག་སྔའི་བར་བྱེད་སྒོ་ཐེངས་3སྤེལ་བར་ཁྱོན་ཏང་ཡོན་130ལྷག་ཙམ་ཞུགས་པ་རེད།

    ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཅིང་། རིའུ་ཤོད་གྲོང་ཚོའི་ཏང་ཀྲི་པུས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དམ་འཛིན་བྱ་གཞིར་བྱས་ནས་ཐབས་མང་མཉམ་སྤྱོད་ཀྱིས་གཞི་རིམ་ཏང་རྩ་འཛུགས་ཚད་ལྡན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ་དང་། གཟའ་འཁོར་རེར་གཅིག་སྡུད་སློབ་སྦྱོང་ཐེངས་གཉིས་སྤེལ་ནས་ཚན་ཁག་གི་ཁོངས་མིའི་ཆབ་སྲིད་དང་རིག་གནས་བྱང་ཚད་མཐོ་རུ་བཏང་བས། ལས་ཀའི་འཇོན་ཐང་དང་ཆུ་ཚད་མངོན་གསལ་དོད་པོས་ཆེ་རུ་སོང་བ་རེད། མིག་སྔའི་བར། ཁྱོན་སློབ་སྦྱོང་ཐེངས་50ལྷག་ཙམ་བྱས་པར་རིམ་རྩིས་བྱས་ན་ཏང་ཡོན་2100ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།