[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • སྟག་རྩེ་ཆུས་སློབ་འབྲིང་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-03

     གཞོན་ནུ་ལོ་ཆུང་སློབ་མའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ནན་ཏན་ངང་སྤེལ་ནས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་སློབ་མའི་ཏང་གཅེས་རྒྱལ་གཅེས་ཀྱི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། སློབ་གྲྭ་དང་ཕ་ཡུལ་ལ་དགའ་བའི་གཞོན་ནུ་ལོ་ཆུང་སློབ་མ་བསམ་བློ་ཀུན་སྤྱོད་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བ་བཅས་བྱ་ཆེད། ཉེ་ཆར། སྟག་རྩེ་ཆུས་སློབ་འབྲིང་གིས་དམའ་རིམ་སློབ་འབྲིང་ལོ་རིམ་དང་པོའི་སློབ་མ་སྒྲིག་འཛུགས་བྱས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་བྱས་པ་རེད།

    ད་ཐེངས་ཀྱི་སྒྲོག་འགྲེལ་དེས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་སློབ་མར་ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། རྒྱལ་ཁབ་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་བརྟན་པོ་ཆགས་པ་དང་། ཀྲུང་ཧྭ་མི་རིགས་ནི་མི་རིགས་56ལས་གྲུབ་པའི་ཁྱིམ་ཚང་ཆེ་མོ་ཞིག་ཡིན་པ་བློ་ལ་བརྟན་པོར་འཇགས་པ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་རང་རྟོགས་ངང་སྲུང་སྐྱོང་། མི་རིགས་ཁ་ཕྲལ་གྱི་སྟོབས་ཤུགས་མཐའ་དག་ལ་འཐབ་རྩོད་མཐར་ཕྱིན་པ་མཐའ་གཅིག་ཏུ་བཅས་བྱས་ནས“མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན”བྱེད་པའི་སློབ་མ་ཡག་པོ་ནམ་ཡང་བྱེད་དགོས་པའི་སྒྲོག་འགྲེལ་ཟབ་མོ་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།