[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • གཞིས་རྩེས་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-03

    བསིལ་རླུང་དལ་བུར་ལྡང་ཞིང་དར་ཚོན་གཡོ། ལུས་རྩལ་པ་ཚོས་རྩལ་ནུས་ཡོད་རྒུ་ངོམས། ཟླ་8ཚེས་29ཉིན་གྱི་སྔ་དྲོ། གཞིས་རྩེ་གྲོང་ཁྱེར་གྱིས་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་འཚོགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་གྱི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་གལ་ཆེན་ཞིག་དང་། དུས་རབས་གསར་པའི་ཞིང་འབྲོག་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་གཅིག་སྡུད་ཐོག་མཚོན་པར་བྱེད་པའི་ལས་སྟེགས་གལ་ཆེན་ཞིག མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་། དམངས་ཡོངས་ཀྱི་ལུས་རྩལ་གྱི་སྤྲོ་སེམས་འཕེལ་བར་བྱེད་པ། མང་ཚོགས་ཀྱི་ལུས་སེམས་བདེ་ཐང་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་རེད།

    གཞིས་རྩེ་གྲོང་ཁྱེར་གྱི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོར་གཉའ་བཅག་དང་། མདའ་འཕེན། རྡོ་འགྱོགས(སྐྱེས་པ)སོགས་མི་སྒེར་གྱི་རྣམ་གྲངས་12དང་ཐག་འཐེན་དང་། རྐང་རྩེད་སྤོ་ལོ། ལན་ཆིའུ་སྤོ་ལོ་སོགས་མཉམ་སྡེབ་རྣམ་གྲངས་4བཀོད་སྒྲིག་བྱས་པར་བདམས་ཐོན་པ་ཁྱོན་600ལྷག་ཙམ་ཞུགས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།