[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • 《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཏོན་པ།

    འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-03

    ཟླ་9ཚེས་1ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་17པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད》བཏོན་པ་རེད།

    གསུང་རྩོམ་ནང་ནན་བཤད་གནང་དོན། འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་ཏང་ཀྲུང་དབྱང་གིས་བཏོན་གནང་བའི་ཐབས་ཇུས་གལ་ཆེན་ཞིག་དང་། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་འཐབ་ཇུས་གལ་ཆེན་ཞིག་རེད། དེར“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། དུས་བབ་གསར་པའི་འོག འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་འགག་རྩ་ནི་འབྲེལ་བ་ཁག་གཅིག་ཁོང་དུ་ཡང་དག་ཆུད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། སྲུང་སྐྱོང་ཆེན་པོ་མཉམ་འཛིན་བྱེད་པ་ལས་གསར་སྤེལ་ཆེན་པོ་མི་བྱེད་པ་མཐའ་འཁྱོངས། སྒྱུར་བཅོས་གསར་གཏོད་དང་། འཐབ་ཇུས་སྤྱི་འདོམས། འཆར་འགོད་ཁྲིད་སྟོན་གསུམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་འབྲི་ཆུའི་དཔལ་འབྱོར་ཁུལ་འདི་ཉིད་རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་བྱེད་མཁན་གྱི་གཙོ་ཤུགས་དམག་ཅིག་ཏུ་འགྱུར་བར་བྱེད་དགོས།

    གསུང་རྩོམ་ནང་བསྟན་དོན། འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་གཏོང་བའི་དུས་བབ་དང་ལས་འགན་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱེད་དགོས། ལོ་གཉིས་ལྷག་ཙམ་རིང་འབྲེལ་ཡོད་སྡེ་ཚན་དང་འབྲི་ཆུའི་ཁུལ་གྱི་ཞིང་ཆེན་དང་གྲོང་ཁྱེར་གྱིས་ལས་དོན་འབོར་ཆེན་བསྒྲུབས་ཤིང་། རྩེ་རིམ་ཇུས་འགོད་བྱེད་ཤུགས་ཆེ་རུ་བཏང་བ་དང་། སྣོད་བཅུད་ཁོར་ཡུག་ལེགས་སུ་བཏང་བ། ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་བྱེད་སྟངས་འཚོལ་ཞིབ་བྱས་པ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་འཕེལ་རིམ་ཐོན་ཡོད། དེ་དང་ཆབས་ཅིག་འཕྲད་པའི་དཀའ་ངལ་དང་། འགྲན་སློང་། མངོན་གསལ་དོད་པའི་གནད་དོན་བཅས་ཀྱང་གསལ་པོར་མཐོང་བ་བྱེད་དགོས།

    གསུང་རྩོམ་ནང་བསྟན་དོན། འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་གཏོང་བར་འབྲེལ་བ་ཁག་གཅིག་ཁོང་དུ་ཡང་དག་ཆུད་པར་བྱེད་དགོས་པ་སྟེ། གཅིག་ནས་སྤྱི་ཡོངས་སྐུལ་འདེད་དང་གཙོ་གནད་ཚད་བརྒལ་དབར་གྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པར་བྱས་ནས་འབྲི་ཆུའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སླར་གསོའི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་དགོས་པ་དང་། གཉིས་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་དབར་གྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པར་བྱས་ནས་སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བའི་ལམ་བུ་གསར་པ་འཚོལ་ཞིབ་བྱེད་དགོས། གསུམ་ནས་སྤྱི་ཡོངས་ཀྱི་འཆར་འགོད་དང་སྙིང་རུས་གཏན་འཁྱོངས་དབར་གྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པར་བྱས་ནས་བློ་བརྟན་འགྱུར་མེད་ངང་དམིགས་ཚད་གཅིག་མཐར་ཕྱིན་པ་སྒྲུབ་པ་བྱེད་དགོས། བཞི་ནས་སྒུལ་ནུས་རྙིང་པ་རྩིས་མེད་གཏོང་བ་དང་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པའི་དབར་གྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པར་བྱས་ནས་འབྲི་ཆུའི་དཔལ་འབྱོར་ཁུལ་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་ཅིག་ཏུ་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས། ལྔ་ནས་རང་ངོས་འཕེལ་རྒྱས་དང་མཐུན་སྦྱོར་འཕེལ་རྒྱས་དབར་གྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པར་བྱས་ནས་འབྲི་ཆུའི་དཔལ་འབྱོར་ཁུལ་དེ་མཉམ་འདྲེས་ནུས་ལྡན་གྱི་དཔལ་འབྱོར་དངོས་ཚན་ནུས་ལྡན་ཞིག་ཏུ་ནུས་ཤུགས་ཡོད་རྒུས་གཏོད་དགོས་པ་བཅས་རེད།

    གསུང་རྩོམ་ནང་འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་སྒྲུབ་ཤུགས་ཆེ་རུ་གཏོང་དགོས་ཤིང་། འབྲེལ་ཡོད་སྡེ་ཚན་དང་འབྲི་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱིས་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ཀྱི་ཏང་ཀྲུང་དབྱང་གི་སྤྱིའི་བཀོད་སྒྲིག་དང་ལས་ཀའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ཕྱོགས་ཁག་གི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། སྒྲིག་སྲོལ་དང་ལམ་སྲོལ་ནན་དུ་གཏོང་བ། ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱེད་པ། ཆོད་སེམས་བརྟན་དུ་གཏོང་བ། འགན་འཁྲི་ཁུར་ཕོད་པར་བྱེད་པ། བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཐོན་པར་བྱེད་པ། ལས་དོན་ལ་དམ་འཛིན་ཏན་ཏིག་དང་ཡག་པོ་བྱེད་པ་བཅས་བྱས་ཏེ། འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་ལེན་ཡག་པོ་བསྟར་ཆེད་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས་ཞེས་བསྟན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།