[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་འདེད་གཏིང་ཟབ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-03

    “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་ཚུན་རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་བྱེད་པ་དང“ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན”བཅས་ཀྱི་སྤྱིའི་བླང་བྱར་ནན་ཏན་ངང་གཞིགས་ཏེ་སློབ་སྦྱོང་སློབ་གསོ་དང་། བརྟག་དཔྱད་ཞིབ་འཇུག གནད་དོན་ལ་ཞིབ་ལྟ། དག་ཐེར་དོན་འཁྱོལ་བཅས་ཐོག་མཐའ་བར་གསུམ་དུ་ཁྱབ་རྒྱུ་མཐའ་འཁྱོངས་དང་ཤེས་འཕྲལ་ལེགས་བཅོས་དང་འཕྲལ་སྒྲུབ་འཕྲལ་བཅོས་མཐའ་འཁྱོངས་བྱས་ཡོད་པ་རེད།

    ཉེ་དུས། ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་དོན་ཨུ་ལྷན་གྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཏང་གི་སྒྲིག་ཡིག་སྒྲིག་སྲོལ་དང་དཔྱད་བསྡུར་བྱས་ཏེ་ཧེ་བག་འཚོལ་བའི་ཆེད་དོན་ཚོགས་འདུ་འཚོགས་ནས་གཙོ་རྐང་ལ་དམིགས་པ་དང་། བརྗོད་དོན་གཙོ་བོར་དམིགས་པ། ཀྲུང་དབྱང་གིས་བཏོན་པའི“ཡིན་མིན་18”དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བཏོན་པའི“ཡིན་མིན་5”ལ་དམ་པོར་དམིགས་ཏེ་རང་ངོས་ཀྱི་ཧེ་བག་འཚོལ་བ་དང་། གནད་དོན་ལ་ཞིབ་ལྟ་དང་དབྱེ་ཞིབ་བྱེད་པ། དག་ཐེར་གྱི་བྱ་ཐབས་གསལ་སྟོན་བཅས་བྱས་ཡོད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆི་ཡིས་ཞིབ་བསྡུར་ཞིབ་བཤེར་གྱི་སྣེ་ཁྲིད་པ་དང་ཆབས་ཅིག ཚན་ཁག་གི་ཁོངས་མི་ཚང་མར་དཔྱད་བརྗོད་གནང་བ་དང་། པུའུ་དོན་ཨུ་ལྷན་ཚན་ཁག་གི་ཁོངས་མི་རེ་རེ་བཞིན་གཏམ་བཤད་སྤེལ་ནས་ཕན་ཚུན་དབར་ལྷག་བསམ་ཟོལ་མེད་ཀྱི་སྐྱོན་བརྗོད་དང་དྲན་སྐུལ་བྱས་ཡོད། ཁོང་གིས་ཏང་གི་སྒྲིག་ཡིག་སྒྲིག་སྲོལ་དང་དཔྱད་བསྡུར་བྱས་ནས་ཧེ་བག་འཚོལ་བ་དང་། གནད་དོན་ཤེས་རྟོགས་ཐུབ་པ་སྔོན་འགྲོའི་ཆ་རྐྱེན་དང་ཐག་གཅོད་བྱ་རྒྱུ་དེ་འགག་རྩ་ཡིན། ཧེ་བག་དང་མི་འདང་བའི་ཆ་བཙལ་འཚོལ་ཐུབ་པར་གནད་དོན་ལ་དོ་སྣང་བྱེད་པའི་རང་རྟོགས་ཀྱི་བསམ་པ་དང་གྲི་དངོ་ནང་གཏད་ཀྱི་བློ་སྟོབས་ལ་བརྟེན་ནས་ཤེས་འཕྲལ་ལེགས་བཅོས་དང་འཕྲལ་སྒྲུབ་འཕྲལ་བཅོས་བྱས་ཏེ་ཏང་གི་འདུ་ཤེས་དང་། ཏང་ཡོན་གྱི་འདུ་ཤེས། སྒྲིག་ཁྲིམས་ཀྱི་འདུ་ཤེས་བཅས་སྔར་བས་ཟབ་ཏུ་བཏང་ནས་ཆབ་སྲིད་ཀྱི་གོ་རྟོགས་དང་། བློ་རྒྱ། ཀུན་སྤྱོད་བཟང་ཚད་བཅས་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་ཡོད།

    ལྗོངས་ཏང་ཨུད་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་གནད་དོན་ཤེས་རྟོགས་དང་གནད་དོན་ཐག་གཅོད་ལ་དམིགས་ཏེ་གནད་དོན་བཅོས་སྒྲིག་བྱ་རྒྱུ་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་བརྒྱུད་རིམ་ལ་ཁྱབ་རྒྱུ་མཐའ་འཁྱོངས་ཀྱིས“དག་ཐེར”སྔ་ཕྱི་བར་གསུམ་དུ་ཁྱབ་པར་བྱེད་པ་དང་། ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ཐད་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་བསྡུར་བ། ཀྲུང་དབྱང་གིས་བཏོན་པའི་ཕྱོགས་བརྒྱད་དང་ལྗོངས་ཏང་ཨུད་ཀྱིས་བཏོན་པའི་མངོན་གསལ་དོད་པའི་གནད་དོན་དང་བསྡུར་བ། ཞིབ་བཤེར་ཡང་ཡང་བྱེད་པ་དང་། གདན་དྲངས་བ། ཕྱིར་བསྐྱོད་པ། རང་ཉིད་ཀྱིས་འཚོལ་བ་སོགས་ཀྱི་ཐབས་ལམ་མང་པོར་བརྟེན་ནས་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱེད་པ་མ་ཟད། ལས་བྱེད་པ་རྒན་གྲས་ཀྱི་ལས་ཀའི་སྐོར་གྱི་བསམ་འཆར་དང་གྲོས་འགོ་28དང་། ཅུས་དོན་ཨུ་ལྷན་གྱི་བསམ་འཆར་དང་གྲོས་འགོ་10 ཚན་ཁག་གི་ཁོངས་མིའི་སྐོར་གྱི་བསམ་འཆར་དང་གྲོས་འགོ་31 རང་ངོས་སྐོར་གྱི་བསམ་འཆར་དང་གྲོས་འགོ་48བཅས་གསེད་བཀྲོལ་བྱས་ཡོད། གསེད་བཀྲོལ་བྱས་པའི་གནད་དོན་དང་མི་འདང་བའི་ཆར་ལྗོངས་ཏང་ཨུད་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་འཕྲལ་སྒྲུབ་འཕྲལ་བཅོས་དང་ཤེས་འཕྲལ་ལེགས་བཅོས་མཐའ་འཁྱོངས་ཐད“ལས་ཁུངས་སྒྱུར་བཅོས་ཀྱི་ཇུས་གཞི་ལག་བསྟར་དོན་འཁྱོལ་བྱས་ནས་འགན་ནུས་ཏན་ཏིག་ངང་བསྒྱུར་ཏེ་ལས་བྱེད་པ་རྒན་གྲས་ཀྱི་ཏང་འཛུགས་སྐྱོང་དང་། ཆབ་སྲིད་ཀྱི་ཐོབ་ཐང་། ནུས་པ་འདོན་སྤེལ། དྲང་ནུས་གཅིག་སྒྲིལ”སོགས་ཀྱི་ལས་དོན་གལ་ཆེན་ལ་དམ་འཛིན་བྱ་རྒྱུར་གཙིགས་ཆེན་བྱེད་དགོས་པ་བཏོན་ཡོད། ལྗོངས་ཏང་ཨུད་ལས་བྱེད་པ་རྒན་གྲས་ཅུས་ཀྱི་ཅུས་ཀྲང་ཀྲུའུ་ལེའང་ཀང་གིས་གོམ་སྟབས་རྗེས་མར་ལྗོངས་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོར་མུ་མཐུད་སྐུལ་འདེད་བཏང་ནས་བརྗོད་དོན་གཙོ་བོའི་སློབ་གསོ་དང“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ཐོག བརྗོད་དོན་གཙོ་བོའི་སློབ་གསོའི་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ལ་བརྟེན་ནས་ལས་དོན་ཁག་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་སྟེ་དུས་རབས་གསར་པའི་ལས་བྱེད་པ་རྒན་གྲས་ཀྱི་ལས་རྣམ་གསར་པ་གཏོད་རྒྱུ་ཡིན་ཞེས་བརྗོད་པ་རེད།

    ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་འདུ་ཤེས་འཛིན་སྟངས་དང་། བྱ་གཞག་འཕེལ་རྒྱས། དྲིལ་བསྒྲགས་དོ་དམ། བདེ་འཇགས་ངང་སྟོན་པ། སྨྱན་སྦྱོར་མཉམ་འདྲེས། སྤྱི་པའི་ཞབས་ཞུ་སོགས་ཀྱི་ལས་དོན་ལ་དམིགས་ཏེ་ལས་ཁུངས་སྒྱུར་བཅོས་རྗེས་ཀྱི་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱི་འགན་ནུས་དང་། འགན་འཁྲི། ལས་སྒོ་གཙོ་བོ། འགན་འཁྲི་གཙོ་བོ་བཅས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། ཅུས་ཏང་ཙུའུ་ཡིས་སྣེ་ཁྲིད་པ་དང་། གོང་གིས་གཤམ་གྱི་སྣེ་ཁྲིད་པ། རྫོང་དང་ཁྲུའུ་རིམ་པ་དང་དེ་ཡན་གྱི་ཏང་ཡོན་ལས་བྱེད་པ་ཁྱོན་ཡོངས་ལ་ཁྱབ་རྒྱུ་མཐའ་འཁྱོངས་བྱེད་པ། “12+3”རྣམ་པ་སྤྱད་དེ་ཏང་ཙུའི་ཚན་ཁག་གི་ཁོངས་མི་དང་དེ་བཞིན་ཁང་གི་འགན་འཁུར་བ་དུས་ཐེངས་ཁག་བགོས་ངང་གཞི་རིམ་གྱི་ཚན་པ་དང་། གྲོང་སྡོད་ཀྱི་འཐབ་ས་དང་པོ། ཐག་རིང་ས་ཚིགས། གཏོང་འཛིན་འཕྲུལ་ཁང་། དུད་ཁྱིམ་བཅས་ལ་ཟབ་སྐྱོད་བྱས་ཏེ་བསམ་འཆར་ཉན་པ་དང་། དགོས་མཁོ་འདྲི་བ། ཁ་གཏད་འཇལ་ཐབས་འཚོལ་བ། དཀའ་གནད་བསལ་བ་བཅས་བྱས་པ་མ་ཟད། གནད་དོན་གྱི་གསལ་ཐོ་54བཟོས་པས་མིག་སྔར་དག་ཐེར་དོན་འཁྱོལ་ཐུབ་ཚད་50ཟིན་ཡོད་པ་རེད།

    ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དང་། ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི། ཅུས་ཀྲང་གཞོན་པ་བཅས་ཡིན་པའི་བདེ་སྐྱིད་སྒྲོལ་དཀར་གྱིས། གོམ་སྟབས་རྗེས་མར་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱིས་གནད་དོན་དག་ཐེར་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ་གནད་དོན་ལ་དམ་འཛིན་བྱས་ནས་ལྷོད་གཡེང་མི་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་ལྷོད་གཡེང་མི་གཏོང་བ་དང་། དག་ཐེར་གྱི་ལས་འགན་དམིགས་སར་འཁྱོལ་རྒྱུར་དམ་བཟུང་ངང་སྐུལ་འདེད་གཏོང་བ་དང་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་གྱི་གྲུབ་འབྲས་དེ་དཀའ་གནད་སེལ་བ་དང་། རྨང་གཞི་བརྟན་གཏོང་། གསར་གཏོད་གསར་འབྱེད་བཅས་ཀྱི་བྱ་ཐབས་ངོ་མར་བསྒྱུར་བ་དང་། རླུང་འཕྲིན་བརྙན་འཕྲིན་གྱི་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བའི་ལས་ཀའི་གྲུབ་འབྲས་དང་། ལམ་ལུགས་ཀྱི་གྲུབ་འབྲས། རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་བཅས་སུ་བསྒྱུར་བ་བྱེད་དགོས་ཞེས་བརྗོད་པ་རེད།

    ལྗོངས་རང་བྱུང་ཐོན་ཁུངས་ཐིང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། ཐིང་རིམ་པའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་བྱས་ནས་བྱ་སྤྱོད་སྤེལ་བ་དང་། གཤམ་འོག་ཏུ་བསྐྱོད་དེ་གྲོང་ཁྱེར་ས་ཁུལ་བདུན་དུ་བརྟག་ཞིབ་ཀྱི་ལས་དོན་སྤེལ་བ་རེད། ཆེད་དོན་ཞིབ་འཇུག་དང་དངོས་སྡོད་བརྟག་ཞིབ་བྱེད་རིང་གནད་དོན་53གསེད་བཀྲོལ་བྱས་པ་དང་། དམིགས་སའི་རང་བཞིན་གྱི་བསམ་ཕྱོགས་དང་གནད་དོན་ཐག་གཅོད་བྱེད་པའི་ཐབས་ཇུས་དང་གྲོས་འགོ་56བཏོན་པས་སྤུས་ཚད་མཐོ་བའི་བརྟག་ཞིབ་ཀྱི་སྙན་ཞུ་ཞིག་གྲུབ་ཡོད། “ས་གནས་ཁག་གཅིག་ཏུ་གཏན་འཇགས་རྒྱུ་ནོར་ཐོ་འགོད་བྱེད་དཀའ་བའི”གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བའི་ཐད། ལྗོངས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐོ་འགོད་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་། “གཏན་འཇགས་རྒྱུ་ནོར་ཐོ་འགོད་མ་བྱས་པའི་ལོ་རྒྱུས་ཀྱི་ཤུལ་བཞག་གནད་དོན་ཐག་གཅོད་བྱེད་པའི་བསམ་ཕྱོགས་དང་བྱ་ཐབས”དང“གཏན་འཇགས་རྒྱུ་ནོར་ཐོ་འགོད་ཀྱི་སྐར་ཁུང་འཛུགས་པ་དང་ལས་དོན་སྒྲུབ་གཉེར”བྱེད་པའི་ཐད་གསོ་སྦྱོང་བྱས་པ་རེད། དེ་དང་དུས་མཚུངས། ལྗོངས་རང་བྱུང་ཐོན་ཁུངས་ཐིང་གིས་གནད་དོན་ལ་དོ་སྣང་བྱེད་པའི་རང་རྟོགས་ཀྱི་བསམ་པ་དང་གྲི་ཁ་རང་ངོར་ཕྱོགས་པའི་བློ་སྟོབས་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ནང་བཏོན་པའི་ཕྱོགས་བརྒྱད་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཡོད་པ་རེད། ཐིང་ཏང་ཙུའི་ཧྲུའུ་ཅི་ཝང་ཀང་གིས། གོམ་སྟབས་རྗེས་མར་རང་བྱུང་ཐོན་ཁུངས་ཐིང་གིས་སློབ་སྦྱོང་སློབ་གསོ་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱས་ནས་ཆེད་དོན་ཏང་གི་སློབ་ཚན་རྒྱུན་མཐུད་ཡག་པོ་འཚོག་པ་དང་། ཆེད་དོན་བརྟག་ཞིབ་ཀྱི་གྲུབ་འབྲས་རིམ་སྤོར་བྱེད་པ། ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ་ཞིབ་ལྟ་ནན་ཏན་བྱས་ནས་གནད་དོན་འཚོལ་བཤེར་བྱེད་པ། དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་རང་ངོས་རྒྱུས་ལོན་བྱེད་པ། ཏང་གི་སྒྲིག་ཡིག་ལ་གཞིགས་ནས་མིག་ལྟོས་དང་། ཏང་གི་སྒྲིག་སྲོལ་ལ་གཞིགས་ནས་ལྟ་སྟངས་འདྲ་མཚུངས་འཛིན་ཐོག་ཏང་གི་སྒྲིག་ཡིག་སྒྲིག་སྲོལ་ལ་གཞིགས་ནས་གཏན་འཁེལ་བྱས་པའི་བྱ་སྤྱོད་ཚད་ལྡན་ལ་བརྟེན་ནས་རང་ངོས་ལ་བསྡུར་ཞིབ་དང་། རང་ངོས་ལ་ཞིབ་ལྟ། རང་ངོས་ལ་དག་ཐེར་བཅས་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    ལྗོངས་སྣོད་བཅུད་ཁོར་ཡུག་ཐིང་གིས“དུས་མཚམས་མི་དབྱེ་བ་དང་། ལྷུ་ཚིགས་མི་དབྱེ་བའི”བླང་བྱ་གཞིར་བཟུང་། སློབ་སྦྱོང་སློབ་གསོ་དང་། བརྟག་དཔྱད་ཞིབ་འཇུག གནད་དོན་ལ་ཞིབ་ལྟ། དག་ཐེར་དོན་འཁྱོལ་བཅས་ཀྱི་བྱ་ཐབས་གལ་ཆེན་བཞི་ཐོག་མཐའ་མཐའ་བར་གསུམ་དུ་ཁྱབ་རྒྱུ་མཐའ་འཁྱོངས་བྱས་ནས། ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་གཞུང་ལས་ཁང་གིས་བཀོད་སྒྲིག་བྱས་པའི་ཕྱོགས་12ཐད་ཀྱི་ཆེད་དོན་བཅོས་སྒྲིག་ལས་དོན་གྱི་ལས་འགན་དང་བསྡུར་ནས་གནད་དོན་ཁག་18ལ་ཞིབ་ལྟ་བྱས་པ་དང་། གནད་དོན་ཁག་3དག་ཐེར་བྱས་པ། གནད་དོན་ཁག་15དག་ཐེར་བྱེད་བཞིན་ཡོད། སྐབས་དགུ་པའི་ལྗོངས་ཏང་ཨུད་སྐོར་གཟིགས་ཚོགས་ཆུང་གིས་ཚུར་ལན་བྱས་པའི་ལྟ་ཞིབ་ཚོགས་ཆུང་གི་གནད་དོན་ཁག་13ལ་ཀྲུང་དབྱང་དབུལ་སྒྲོལ་འགག་སྒྲོལ་ཆེད་དོན་སྐོར་གཟིགས་ཚོགས་ཆུང་གིས་དག་ཐེར་ཧུར་ཐག་བྱས་པ་དང་། ཕྱོགས་12ཐད་ཀྱི་གནད་དོན་ཚང་མ་དག་ཐེར་ཐུབ་པ། ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ཚུར་ལན་གནད་དོན་དག་ཐེར་ལ་སྐུལ་འདེད་ཧུར་ཐག་བཏང་བ། དག་ཐེར་ལས་འགན་ཁག་45དང་ཞིབ་ཕྲའི་དག་ཐེར་བྱ་ཐབས་ཁག་179གཞི་རྩའི་ཆ་ནས་དག་ཐེར་གྱི་བླང་བྱ་དང་མཐུན་ཡོད་པ་རེད། ལྗོངས་སྣོད་བཅུད་ཁོར་ཡུག་ཐིང་གི་ཏང་ཙུའི་ཧྲུའུ་ཅི། ཐིང་ཀྲང་གཞོན་པ་ཧུའུ་ཝེ་མིང་གིས། གོམ་སྟབས་རྗེས་མར་ལྗོངས་སྣོད་བཅུད་ཁོར་ཡུག་ཐིང་གིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་བསམ་བློ་ཆབ་སྲིད་ཀྱི་ཆུ་ཚད་གོང་མཐོར་གཏོང་བ་དང་། བརྗོད་དོན་གཙོ་བོའི་སློབ་གསོར་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་པ་དང་བརྗོད་དོན་གཙོ་བོའི་སློབ་གསོ་ཕྱོགས་སྡོམ་ཡག་པོ་བྱེད་པ། གྲུབ་འབྲས་གཞན་སྒྱུར་མུ་མཐུད་ཡག་པོ་བྱས་ཏེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    མངའ་རིས་ས་ཁུལ་ཆུ་བེད་ཅུས་དང་། མངའ་རིས་ས་ཁུལ་བསྡོམས་རྩིས་ཅུས། མངའ་རིས་ས་ཁུལ་ཁྲིམས་འཛིན། མངའ་རིས་ས་ཨུད་ཏང་གི་སློབ་གྲྭ་བཅས་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཏང་སྲོལ་སྲིད་གཙང་གི་ཉེན་བརྡའི་སློབ་གསོའི་ཟླ་བའི་བྱེད་སྒོ་སྤེལ་བ་དང་། ཏང་ཡོན་ལས་བྱེད་པས“ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན་བཅས”སྤྱིའི་བླང་བྱར་སྟངས་འཛིན་ནན་པོ་བྱས་ཏེ་ཞན་ཆ་དང་མི་འདང་བའི་ཆ་ནན་ཏན་ངང་འཚོལ་བ་དང་། གྲི་ཁ་ནང་ངོར་ཕྱོགས་རྒྱུ་མཐའ་འཁྱོངས་བྱེད་པ། ཞིབ་ལྟ་དང་དབྱེ་ཞིབ་ཡག་པོ་བྱེད་པ། གནད་དོན་ཤེས་རྟོགས་ཐུབ་འཕྲལ་དག་ཐེར་གསལ་ཐོ་བཟོ་བ་བཅས་ཀྱི་སྒོ་ནས་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་རིམ་པ་བཞིན་དག་ཐེར་དོན་འཁྱོལ་ཐུབ་པ་བྱས་ཐོག་བརྗོད་དོན་གཙོ་བོའི་སློབ་གསོའི་མཐའ་མའི་གྲུབ་འབྲས་དེ་ཕུགས་བསམ་དང་དད་སེམས་ལ་ཞུན་བརྡར་དང་། འགན་འཁྲི་ཁུར་སེམས་ཆེ་རུ་གཏོང་བ། ལས་ཀའི་སྤྱོད་ཚུལ་བསྒྱུར་བ། འཇོན་ཐང་དང་ནུས་པ་ཆེ་རུ་གཏོང་བ་བཅས་ཐོག་མངོན་པར་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།