[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཝང་ཝེ་ཏུང་ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཁོངས་གཏོགས་ཀྱིས་ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ཚུར་ལན་གནད་དོན་དག་ཐེར་ལས་དོན་དོན་འཁྱོལ་གྱི་སྐུལ་འདེད་ཚོགས་འདུར་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-29

    ཟླ་8ཚེས་26ཉིན། རང་སྐྱོང་ལྗོངས་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་གྱིས་ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཁོངས་གཏོགས་སུ་ཀྲུང་དབྱང་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ཚུར་ལན་གནད་དོན་དག་ཐེར་ལས་དོན་དོན་འཁྱོལ་གྱི་སྐུལ་འདེད་ཚོགས་འདུ་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཝང་ཝེ་ཏུང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཝང་ཝེ་ཏུང་གིས་ནན་བཤད་གནང་དོན། ནག་གཤེད་ཕྱོགས་གཏོགས་དང་འབྲེལ་བ་ཡོད་པའི་རུལ་སུངས་ལ་ཆད་པ་ནན་པོ་གཅོད་པ་དང་། རྒྱབ་རྩ་མེད་པར་བཟོ་བའི་ལས་འགན་དཀའ་ཚེགས་ཆེ་ལ་འགན་འཁྲི་ཧ་ཅང་ལྕི་པོ་ཡོད། ལྟ་སྐུལ་སྔོན་དུ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས། ལྟ་སྐུལ་གྱི་ནུས་པ་ཆེ་རུ་དང་ལྟ་སྐུལ་གྱི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ། ནག་གཤེད་ཕྱོགས་གཏོགས་དང་འབྲེལ་བ་ཡོད་པའི་རུལ་སུངས་དང་རྒྱབ་རྩའི་གནད་དོན་གྱི་ཁུངས་སྣེར་གཅིག་སྡུད་ཐོག་ཞིབ་འཇུག་བརྡར་ཤ་དང་སྔོན་ལ་ཐག་གཅོད་བྱེད་དགོས་པ་དང་། མཉམ་འབྲེལ་གྱོད་སྒྲུབ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། སྲིད་ཇུས་ཀྱི་ཚད་གཞི་ནན་པོ་གཞིར་བཟུང་གྱོད་སྒྲུབ་ཀྱི་འགོག་རྐྱེན་བསལ་ཏེ། རྒྱབ་རྩར་རྡུང་རྡེག་ནན་པོ་གཏོང་བའི་དམ་བསྒྲགས་རྣམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས་པ། འགན་འཁྲི་རྩད་གཅོད་ཀྱི་ནུས་པ་ཡག་པོ་སྤྱོད་པ་དང“གྱོད་གཞི་གཅིག་ལ་ཞིབ་བཤེར་ཐེངས་གསུམ”བྱས་ནས། རྒྱབ་རྩ་ཡོད་ན་རྡུང་རྡེག་གཏོང་བ་དང་རྒྱབ་རྩ་མེད་ན་འགན་འཁྲི་བདའ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། “དཔོན་རིགས་ཀྱི་རྒྱབ་རྩ”དང་། “ཉེན་རྟོག་པའི་རྒྱབ་རྩ” “རྒྱབ་རྩ་དཀྱུས་མ”བཅས་འཚོལ་ཞིབ་གཏིང་ཟབ་བྱེད་དགོས་ལ། ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་འགན་ཤོར་འགན་འཛོལ་གྱི་བྱ་སྤྱོད་ལ་ཞིབ་འཇུག་གཏིང་ཟབ་བྱེད་དགོས། གྱོད་གཞིར་བརྟེན་ནས་དག་ཐེར་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་བརྡ་ཁྱབ་དང་དམར་རྗེན་དུ་འདོན་ཤུགས་ཆེ་རུ་བཏང་སྟེ་ལམ་ལུགས་ཀྱི་སྐྱོན་ཆ་གསབ་རྒྱུར་སྐུལ་འདེད་གཏོང་དགོས་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་མཉམ་ལས་དང་གཞོགས་འདེགས་དམ་ཟབ་བྱས་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤོང་གང་ཐུབ་བྱས་ཏེ། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་ལྟ་སྐུལ་སྒྲིག་སྐྱོང་དང་འགན་འཁྲི་རྩད་གཅོད་ཀྱི་ལས་དོན་གཏིང་ཟབ་སྤེལ་དགོས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།