[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • 2018ལོའི་ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཞིབ་དཔྱད་ཁ་ཆད་གྲོས་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-29

     ཚེས་27ཉིན་གྱི་སྔ་དྲོ། 2018ལོའི་ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཞིབ་དཔྱད་དང་ཁ་ཆད་གྲོས་མོལ་གྱི་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་2018ལོར་རང་ལྗོངས་ཀྱིས་རྒྱལ་ཁབ་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་རྒྱུ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་རྒྱལ་ཁབ་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུར་སྐུལ་འདེད་གཏོང་བ་སོགས་ཀྱི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས་ནུས་ཤུགས་ཡོད་རྒུས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་བསམ་བློ་དང་། རྩ་འཛུགས། ལམ་ལུགས་སོགས་ཀྱི་ལས་དོན་རྨང་གཞི་བརྟན་དུ་གཏོང་བར་ཤུགས་སྣོན་བརྒྱབ་པར་བརྟེན། ལྗོངས་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་ཕན་འབྲས་མངོན་གསལ་དོད་པ་མ་ཟད། དགའ་འོས་པའི་གྲུབ་འབྲས་ཀྱང་ཐོབ་ཡོད་ཅེས་བསྟན་ཡོད།

    ཚོགས་འདུའི་ཐོག་རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་ས་མཐོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པའི་གལ་ཆེན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བཅས་བྱས་ནས་ཆབ་སྲིད་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་དགོས་པ་དང་། བརྗོད་དོན་གཙོ་བོའི་སློབ་གསོའི་གནད་དོན་ལ་ཞིབ་ལྟ་དང་དག་ཐེར་དོན་འཁྱོལ་གྱི་བླང་བྱ་གཞིར་བཟུང་། གནད་དོན་ལ་ཞིབ་ལྟ་བྱེད་པ་དང་། ཧེ་བག་འཚོལ་བ། མི་འདང་བའི་ཆ་དང་ཞན་ཆར་དམ་པོར་དམིགས་པ་བཅས་བྱས་ཏེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་གཙོ་གནད་ལས་འགན་ཁག་དམིགས་སར་འཁྱོལ་བ་དང་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས་པ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དམ་འཛིན་ཡག་པོ་བྱེད་པ་དང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་ལས་དོན་ཡག་པོ་སྒྲུབ་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ནུས་པ་ཆེ་རུ་དང་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ་སོགས་ཀྱི་གཙོ་གནད་ལས་དོན་དོན་འཁྱོལ་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་པ་དང་ནུས་ཤུགས་ཡོད་རྒུས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་མཐོ་ས་བསྐྲུན་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།