[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • དམ་པ་དོན་གཉེར་བྱས་ཚེ་གཞི་ནས་དོན་ཐོག་ཏུ་འཁྱོལ་ཐུབ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ལི་མའེ་དབྱིན།    |    སྤེལ་དུས།   2019-08-28

    ཁྱིམ་ཚང་ཞིག་ལ་མཐུན་སྒྲིལ་མེད་ཚེ་གཉེན་ཉེ་དགྲ་ཟླར་འགྱུར་སྲིད་པ་དང་། མི་རིགས་ཤིག་ལ་མཐུན་སྒྲིལ་མེད་ཚེ་ཁ་ཐོར་དུ་འགྲོ་སྲིད། རྒྱལ་ཁབ་ཅིག་ལ་མཐུན་སྒྲིལ་མེད་ཚེ་ཁ་ཐོར་ཡ་བྲལ་དུ་འགྱུར་སྲིད། རང་ལྗོངས་སུ་མི་རིགས་མཐུན་སྒྲིལ་གྱི་དོན་སྙིང་ཧ་ཅང་གལ་ཆེ་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་འཛུགས་ཀྱི་ལས་དོན་ནི་དེ་བས་ཡུན་རིང་གི་འདུ་འགོད་ཅིག་རེད། དེ་ནི་འཁྲུལ་སྣང་ཙམ་དུ་གྱུར་བའི་དཔྱིད་ཀྱི་སྨིག་རྒྱུ་ཞིག་མིན་པར་ཕན་འབྲས་དངོས་དངོས་རྗེན་རྗེན་དུ་མཐོང་ཐུབ་པ་དང་ཚོར་ཐུབ་པའི་ལམ་སྲོལ་ཞིག་རེད། དེར་བརྟེན་སྨྱུག་འཛིན་པས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་འཛུགས་ཀྱི་ལས་དོན་ཐད་དམ་པ་དོན་གཉེར་བྱས་ཚེ་གཞི་ནས་དོན་འཁྱོལ་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད།

    དང་ཐོག་སྲིད་ཇུས་བཟོ་བ་དང་གཞི་རིམ་སྐོང་འཐེན་བྱེད་པའི་འབྲེལ་བ་མཐུན་སྦྱོར་བྱེད་པར་རྩེ་རིམ་གྱི་སྣེ་ཁྲིད་ནུས་པ་དང་གཞི་རིམ་གྱི་ལག་ལེན་ནུས་པ་སྤྱི་འདོམས་འདོན་སྤེལ་བྱས་ནས་རིམ་ཁག་ཏང་རྩ་འཛུགས་ཀྱི་བྱེད་པོའི་འགན་འཁྲི་མངོན་པར་བྱེད་པ་དང་། རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི“རིམ་པ་གསུམ་གྱི་མཉམ་འབྲེལ་གསར་གཏོད”ལས་དོན་གྱི་ལམ་སྲོལ་བཙུགས་ཏེ་སྐུལ་ལྕག་གི་བྱེད་ཐབས་སྟབས་བསྟུན་ངང་སྤྱད་ནས་སྤྱི་ཚོགས་ཀྱི་ཕྱོགས་ཁག་དང་། རིམ་པ་ཁག ལྷག་པར་དུ་གཞི་རིམ་གྱི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་འདོན་སྤེལ་ལ་སྐུལ་སློང་བྱེད་པ་དང་། གཏོད་འཛུགས་བྱེད་སྒོ“ཕྱོགས་ལྔ་གཞི་གཅིག”འཛུགས་སྐྱོང་གི་མཚམས་ཚིགས་ཚང་མར་ཁྱབ་པར་བྱས་ཏེ་ཏང་སྲིད་ཀྱིས་ཐུན་མོང་ཐོག་དམ་འཛིན་བྱེད་པ་དང་། སྡེ་ཚན་གྱིས་རང་འགན་གཙང་སྒྲུབ་བྱེད་པ། སྤྱི་ཚོགས་ཡོངས་ཐུན་མོང་ཐོག་ཞུགས་པ་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཧུར་ཐག་ཆགས་པར་བྱས་ནས་གཏོད་འཛུགས་ལས་དོན་ལ་ཕན་འབྲས་དངོས་ཐོན་ཆེད་སྲ་ཞིང་བརྟན་པའི་རྨང་གཞི་འདིང་དགོས།

    དེ་རྗེས་དྲིལ་བསྒྲགས་སློབ་གསོ་དང་དམངས་འཚོ་ལེགས་གཏོང་ཕན་ཚུན་ཟུང་འབྲེལ་བྱེད་དགོས་ཤིང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དེ་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། ཁྱད་ལྡན་དཔལ་འབྱོར་དང་ལེགས་ལྡན་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་གཏོང་བ། དམངས་འཚོ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་སོགས་མང་ཚོགས་ཀྱི་ཚོར་བ་དངོས་དང་མྱོང་བ་དངོས་དང་ཟུང་འབྲེལ་ནུས་ལྡན་བྱས་ཏེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚང་མ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་འཛུགས་ལས་དོན་ནང་ཞུགས་མཁན་དང་ཕན་པ་ཐོབ་མཁན་ཡིན་པར་གཞིགས་ནས་དྲིལ་བསྒྲགས་སློབ་གསོ་དོན་འཁྱོལ་བྱས་ཏེ་མང་ཚོགས་དབར་གྱི་མཐུན་སྒྲིལ“གཞན་སྐུལ”ནས“རང་འགུལ”དུ་འགྱུར་བའི་འགུལ་ཤུགས་འདོན་སྤེལ་བྱས་ནས་གཏོད་འཛུགས་ལས་དོན་གྱི་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས།

    མཇུག་ཏུ་གནད་དོན་ཐག་གཅོད་དང་ལམ་སྲོལ་འཛུགས་སྐྱོང་མཉམ་འདྲེས་ཟུང་འབྲེལ་བྱེད་དགོས་ཤིང་། ཁ་ནང་གི་སོ་དང་ལྕེའང་འཁོན་འཁོན་ཐོགས་ཐོགས་ཡོང་གི་ཡོད་པས། མི་རིགས་མི་འདྲ་བའི་དབར་མི་མཐུན་པ་ཕྲན་ཙམ་ཡོང་བ་ནི་ལྟ་ཅི་སྨོས། འགལ་རྐྱེན་འཕྲད་སྐབས་སྟབས་བདེ་དང་ཕྱོགས་རྐྱང་རིང་ལུགས་ཀྱི་བྱེད་ཐབས་སྤྱོད་མི་རུང་བར་དུས་ཐོག་ཏུ་ཞིབ་འཇུག་དང་ཡུལ་བབ་དང་བསྟུན་པ་དང་འབྲེལ། ཐག་གཅོད་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་བྱེད་ཐབས་དང་ཉམས་མྱོང་བཟང་པོ་བསགས་ནས་ལམ་ལུགས་ཡག་པོ་ཞིག་ཆགས་པར་བྱེད་པ་མ་ཟད། ཁྱབ་སྤེལ་དཔེ་སྟོན་བྱས་ནས་སྤྱི་ཡོངས་ཀྱི་གཏོད་འཛུགས་ཆུ་ཚད་མཐོ་རུ་གཏོང་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།