[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་གྱིས་ལྗོངས་ཡོངས་ཀྱི་སྔོན་དུ་ཁ་ལོ་བའི་ཡིག་རྒྱུགས་སྒྱུར་བཅོས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-27

    ཉེ་ཆར། ལྷ་སར་ཁ་ལོ་བའི་ཡིག་རྒྱུགས་གསུམ་པའི་རིག་ནུས་ཅན་གྱི་རྒྱུགས་ར་ཚོད་ལྟ་བྱེད་འགོ་ཚུགས་ཤིང་། དེ་ཐོག་ནས་ལྷ་ས་གྲོང་ཁྱེར་དུ་ཁ་ལོ་བའི་ཡིག་རྒྱུགས་ཕྱོགས་ཡོངས་ནས་སྒྱུར་བཅོས་ལེགས་གྲུབ་ཟིན་པ་མཚོན་པ་མ་ཟད། ལྗོངས་ཡོངས་སུ་ཁ་ལོ་བའི་ཡིག་རྒྱུགས་སྒྱུར་བཅོས་ཐོག་མར་ཐུབ་པའི་ས་ཁུལ་དང་གྲོང་ཁྱེར་ཞིག་ཡིན་པ་ཡང་མཚོན་ཐུབ།

    ལྷ་ས་གྲོང་ཁྱེར་ཁ་ལོ་བའི་ཡིག་རྒྱུགས་གསུམ་པའི་རིག་ནུས་ཅན་གྱི་རྒྱུགས་ར་2018ལོའི་ཟླ་ལྔ་པར་སྐྲུན་ཞིང་། རྒྱུགས་ར་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་དུ་ཡོད་པ་དང་། རླངས་འཁོར་ཆུང་གྲས་ཀྱི་ཁོ་ལོ་བའི་ཡིག་རྒྱུགས་གཏོང་བའི་འཆར་འགོད་ལམ་ཐིག་སྤྱི་ལེ་3ཡན་ཡིན་ཞིང་། རླངས་འཁོར་ཆེ་གྲས་ཀྱི་ཁོ་ལོ་བའི་ཡིག་རྒྱུགས་གཏོང་བའི་འཆར་འགོད་ལམ་ཐིག་སྤྱི་ལེ་10ཡན་ཡིན་པ་རེད། རླངས་འཁོར་ཆུང་གྲས་ཀྱི་ཁ་ལོ་བའི་ཡིག་རྒྱུགས་གཏོང་བའི་ལམ་དུམ་འཕྲེད་ཀྱི་ལམ་བཞི་ཡིན་པ་དང་། རླངས་འཁོར་ཆེ་གྲས་ཀྱི་ཁ་ལོ་བའི་ཡིག་རྒྱུགས་གཏོང་བའི་ལམ་དུམ་པེ་ཅིང་ལམ་ཆེན་བཅས་ཡིན་ཞིང་། མི་20ནས་30བར་དུས་གཅིག་ཏུ་ཡིག་རྒྱུགས་གཏོང་ཆོག་གི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་ཁ་ལོ་བའི་ཡིག་རྒྱུགས་གསུམ་པའི་རིག་ནུས་ཅན་གྱི་ཡིག་རྒྱུགས་2019ལོའི་ཟླ་8ཚེས་13ཉིན་ནས་བཟུང་ཚོད་ལྟ་བྱེད་འགོ་བཙུགས་པ་དང་། ཟླ་8ཚེས་22ཉིན་བར་མི་512ཀྱིས་རིག་ནུས་ཅན་གྱི་ཡིག་རྒྱུགས་བཏང་ནས། ཡིག་ཚད་ལོན་ཚད་40.98%ཟིན་པས། མ་ལག་འཁོར་སྐྱོད་བརྟན་ལ་ཡིག་རྒྱུགས་ཚད་ལེན་གྱི་ཚོད་ལྟ་བྱེད་ཚད་གནད་ལ་འཁེལ་པོ་བྱུང་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།