[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • “ཞིང་ཆེན་བཞི་དང་རང་སྐྱོང་ལྗོངས་གཅིག”གི་ས་བབ་མཐོ་བའི་གློག་གཏོང་ཁེ་ལས་ཀྱི་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-27

    ཉིན་ཤས་གོང་། “ཞིང་ཆེན་བཞི་དང་རང་སྐྱོང་ལྗོངས་གཅིག”གི་ས་བབ་མཐོ་བའི་གློག་གཏོང་ཁེ་ལས་ཀྱི་ལས་རིགས་གཅིག་པའི་ཚད་བསྡུར་ལས་དོན་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་ལྷ་སར་འཚོགས་པ་རེད། “ཞིང་ཆེན་བཞི་དང་རང་སྐྱོང་ལྗོངས་གཅིག”གི་གློག་གཏོང་ཁེ་ལས་7དེའི་ནང་ཞུགས་ཡོད།

    “ཞིང་ཆེན་བཞི་དང་རང་སྐྱོང་ལྗོངས་གཅིག”གི་ས་བབ་མཐོ་བའི་གློག་གཏོང་ཁེ་ལས་ཀྱི་ལས་རིགས་གཅིག་པའི་ཚད་བསྡུར་ལས་དོན་གྱི་དམིགས་ཡུལ་ནི“ཚན་རིག་དང་མཐུན་པའི་ཚད་བསྡུར་དང་གྲངས་གཞི་མཉམ་སྤྱོད”དང“རང་འགུལ་ཧུར་ཐག་དང་གོ་རིམ་ལྡན་པའི་སྐུལ་འདེད”“འགུལ་རྣམ་དོ་དམ་དང་དུས་ཐོག་ཏུ་ལེགས་བཅོས”“ཞུན་བརྡར་ཕྱོགས་སྡོམ་དང་ཕུགས་ཕན་སྣེ་ཁྲིད”བཅས་ནང་དོན་གཙོ་བོ་བཞིར་དམིགས་ནས། ཚན་རིག་དང་མཐུན་པའི་སྒོ་ནས་ལས་རིགས་གཅིག་པའི་ཚད་བསྡུར་གྱི་དོ་དམ་མ་ལག་བསྐྲུན་རྒྱུ་དང་། གློག་གཏོང་ཁེ་ལས་དབར་གྱི་ཧེ་བག་རིམ་བཞིན་ཆུང་དུ་གཏོང་བ། ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བའི་དོ་དམ་བླང་བྱ་དང་འཚམ་གང་ཐུབ། ཁེ་ལས་དོ་དམ་གྱི་ཆུ་ཚད་མཐོ་རུ་དང་གཉེར་སྐྱོང་ཕན་འབྲས་བརྟན་པོའི་ངང་ཆེ་རུ་གཏོང་བ། དོ་དམ་དང་ལས་ཆོད་གཉིས་ཀར་གསར་གཏོད་ཚད་བརྒལ་ཡོང་བ་བཅས་བྱས་ཏེ་གང་མགྱོགས་ནང་སའི་ཕུལ་བྱུང་གློག་གཏོང་ཁེ་ལས་དང་འབྲེལ་མཐུད་བྱེད་རྒྱུ་དེ་རེད།

    ཚོགས་འདུའི་ཐོག གློག་གཏོང་ཁེ་ལས་ཁག་གིས་རང་ལས་ཁུངས་ཀྱི་དོན་དངོས་དང་། འགག་རྩའི་ལས་ཆོད་ཀྱི་དམིགས་ཚད། གྲངས་གཞི་མཉམ་སྤྱོད། ལྷག་པའི་གནད་དོན་དང་ཞན་ཆའི་ལྷུ་ཚིགས་སོགས་ལ་དམིགས་ཏེ་དཔེ་མཚོན་གྱི་ཉམས་མྱོང་སློབ་སྦྱོང་དང་། སྤེལ་རེས། མཐུན་སྦྱོར་ཡག་པོ་བྱས་ནས་ཁ་གཏད་འཇལ་ཐབས་ཞིབ་འཇུག་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།