[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་གཞི་རིམ་གྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-21

     ཉེ་ཆར། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་ཏང་ཨུད་ཧྲུའུ་ཅི་དང་ཧང་ཀྲང་ལིའུ་ཡུང་ཧྲེང་གིས་སྣེ་ཁྲིད་པའི་རྟོག་ཞིབ་ཚོགས་པས། བོད་བྱང་ཐང་གི་དབུས་ཁུལ་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་ཉིང་ལག་དངུལ་ཁང་དང་མཚོ་སྦྲེལ་ལྷོ་མ་ལས་གཉེར་སོའོ་སོགས་གཞི་རིམ་སྒྲིག་གཞིའི“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་སྤེལ་ཕྱོགས་ཐད་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་རེད།

    རྟོག་ཞིབ་ཚོགས་པས་ལས་ཡུལ་དངོས་སུ་ཟབ་སྐྱོད་བྱས་ཏེ“ཞིང་གསུམ”དང་། དངོས་ཚན་དཔལ་འབྱོར། དེ་བཞིན་བོད་ལྗོངས་ས་མཐོའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་ཞབས་འདེགས་དམ་པོར་གཞིགས་ཏེ་ལས་བཟོའི་བཞུགས་མོལ་ཚོགས་འདུ་སྐོང་ཚོགས་བྱས་པ་དང་། ཀྲུང་དབྱང་དང་། རང་སྐྱོང་ལྗོངས། དེ་བཞིན་ཞིང་ལས་སྤྱི་ཁྱབ་དངུལ་ཁང་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་གྱི་གནས་ཚུལ་ཤེས་རྟོགས་བྱས་པ་མ་ཟད། ད་དུང་རྗོང་ཏང་ཨུད་སྲིད་གཞུང་གི་འགོ་ཁྲིད་གཙོ་བོའི་དབར་བསམ་འཆར་བརྗེ་རེས་བྱས་ནས་ས་གནས་དེ་གའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གནས་ཚུལ་དང་ཏང་སྲིད་ཚན་པས་ཞིང་ལས་དངུལ་ཁང་གི་དངུལ་རྩའི་ཞབས་འདེགས་དང་དབུལ་སྐྱོར་ལས་དོན་ཐད་ཀྱི་བསམ་འཆར་དང་གྲོས་འགོ་ཤེས་རྟོགས་བྱས་པ་རེད།

    རྟོག་ཞིབ་གནང་རིང་། དངུལ་ཁང་གི་ཏང་ཨུད་ཧྲུའུ་ཅི་དང་ཧང་ཀྲང་ལིའུ་ཡུང་ཧྲེང་གིས་དངུལ་ཁང་དེའི་ལས་བྱེད་ལས་བཟོར“གསོ་རླུང་དཀོན་ཀྱང་སྙིང་སྟོབས་མི་ཉམས་པ་དང་དཀའ་ངལ་ཆེ་ཡང་ཚད་གཞི་མི་ཆག་པའི”ས་མཐོའི་ཞིང་ལས་དངུལ་ཁང་གི་མི་སྣའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཟམ་མི་ཆད་པར་བཏང་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོའི་དངུལ་རྩའི་དགོས་མཁོ་སྐོང་བ་དང་། “ཞིང་གསུམ”ལ་རྒྱབ་སྐྱོར་དང་དམངས་འཚོའི་བྱ་གཞག་ལ་ཞབས་འདེཌ་གང་ལེགས་ཞུ་ཆེད་སྔར་ལས་ལྷག་པའི་སྒོ་ནས་བསམ་བློའི་ངོས་འཛིན་དང་ཆབ་སྲིད་ཀྱི་གནས་བབ་མཐོར་འདེགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱས་ཏེ། བྱང་ཐང་ས་མཐོར་རྐང་པ་བརྟན་ཚུཌ་ཀྱིས་ཏང་གི་དངུལ་རྩའི་དམངས་ཕན་སྲིད་ཇུས་ཡོངས་ཁྱབ་དང་། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་སྟབས་བདེ་ལ་མྱུར་བའི་དངུལ་རྩའི་ཞབས་ཞུ་མཁོ་འདོན་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ལ་གྲུབ་འབྲས་གཟེངས་སུ་ཐོན་པ་བྱེད་དགོས་པའི་བླང་བྱ་ནན་པོ་བཏོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།