[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ལྷ་ས་འགག་སྒོས“ཁྲལ་རིན་གཉིས་གཅོག”དོན་འཁྱོལ་བྱས་ནས་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-14

    གསར་འགོད་པས་ལྷ་ས་འགག་སྒོ་ནས་ཤེས་རྟོགས་བྱས་པར། འདི་ལོའི་ཟླ་4ཚེས་1ཉིན་གནས་ཐང་འཕར་ཁྲལ་དམའ་རུ་གཏོང་ཚུན། ལྷ་ས་འགག་སྒོས་རང་སྐྱོང་ལྗོངས་ཀྱི་ནང་འདྲེན་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ལ་ཁྱོན་ཁྲལ་དངུལ་སྒོར་ཁྲི་266.37བཅག་པ་དང་། བོད་ལྗོངས་མཁའ་འགྲུལ་ཚད་ཡོད་ཀུང་སི་དང་བོད་ལྗོངས་ཞིང་འབྲོག་སློབ་གླིང་སོགས་ཀྱི་ནང་འདྲེན་དངོས་ཟོག་ལ་ཁྲལ་དངུལ་སྒོར་ཁྲི་2687རྩ་ཆག་བཏང་བ་དེ་དག་དངོས་ཟོག་རིན་ཐང་ཨ་སྒོར་ཁྲི་4720དང་འབྲེལ་བ་ཡོད་པ། བོད་དུ་དངོས་ཟོག་རང་སྤྱོད་བྱ་རྒྱུར་ནང་འདྲེན་བྱེད་མཁན་ཁེ་ལས་15ལ་སྒོ་ཁྲལ་ཁྲི་613ལྷག་ཙམ་སློག་པ་བཅས་རེད།

    འདི་ལོའི་ལོ་སྟོད་དུ་ལྷ་ས་འགག་སྒོས་རེས་སྐོར་གསར་པའི“ཁྲལ་རིན་གཉིས་གཅོག”གི་སྲིད་ཇུས་གསར་པའི་འགྱུར་ལྡོག་ལ་དམིགས་ཏེ། ལྷ་ས་འགག་སྒོའི་12360གྱི་ཐད་འབྲེལ་ཁ་པར་ལས་སྟེགས་དང་ལྷ་ས་འགག་སྒོའི་གཞུང་ཕྱོགས་དྲ་ཚུགས་ཐོག“ཁྲལ་རིན་གཉིས་གཅོག”སོགས་ཀྱི་ཆ་འཕྲིན་20ལྷག་སྤེལ་ནས་རང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་གཏོང་དང“ཁྲལ་རིན་གཉིས་གཅོག”གི་སྲིད་ཇུས་ཁེ་ཕན་ཆེ་རུ་ཏན་ཏིག་གཏོང་ཆེད་དྲིལ་བསྒྲགས་ལས་དོན་རྒྱ་ཁྱབ་ངང་སྤེལ་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།