[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ལྗོངས་ཀྱིས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-13

    འདི་ལོ་ཚུན་དུ་ལྗོངས་ཡོངས་ཀྱི་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ལས་ཁུངས་སྒྱུར་བཅོས་དང་ལས་སྒོའི་ལས་དོན་གཉིས་ཀར་འཐུས་ཤོར་མི་འགྲོ་བ་དང་གཉིས་ཀར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་ལས་དོན་ཁག་གི་འཕེལ་རིམ་ཡག་པོ་ཡོང་བ་བྱས་ཏེ་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ལོ་སྟོད་དུ་ལྗོངས་ཡོངས་སུ་ཁྲོམ་རའི་བྱེད་པོ་དུད་ཚང་ཁྲི་4.26གསར་དུ་ཐོ་འགོད་བྱས་ནས་ཉིན་རེར་ཆ་སྙོམས་ཐོ་འགོད་མཁན་དུད་ཚང་236ཟིན་པ་དང་། ལོ་སྟོད་དུ་ཁྱོན་བསྡོམས་ཞུ་གཏུག་དང་། ཐེར་འདོན། བློ་འདྲི་བཅས་6778བདག་སྤྲོད་བྱས་ནས་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་287མི་ཕོག་པ་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱིས“སྒོ་མོ་གཅིག་དང་། སྐར་ཁུང་གཅིག དྲ་བ་གཅིག”བཅས་ཀྱི་སྒྱུར་བཅོས་ནུས་ཤུགས་ཡོད་རྒུས་གཏིང་ཟབ་ཏུ་བཏང་སྟེ་ལས་གཉེར་ལག་ཁྱེར་དང་། བཟོ་ལས་ཐོན་རྫས་ཀྱི་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར་སོགས་ཁེ་ལས་དང་འབྲེལ་བའི་ལག་ཁྱེར་གྱི་དོན་ཚན་དག་ལྗོངས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ཞབས་ཞུ་ཚོམས་ཆེན་དུ་སྐར་ཁུང་གཅིག་ནས་བདག་སྤྲོད་དང་དྲ་བ་གཅིག་ནས་མཉམ་སྒྲུབ་བྱུང་ཡོད། སྒྱུར་བཅོས་བྱས་རྗེས་རང་ལྗོངས་ཀྱི་ཁེ་ལས་གཉེར་བའི་དུས་ཚོད་ལས་ཀའི་ཉིན་5བར་ཐུང་དུ་བཏང་བ་དང་། ཁེ་ལས་ཐོ་ཁོངས་ནས་སུབ་རྒྱུ་སྟབས་བདེ་ཅན་གྱི་ལག་བསྟར་ཇུས་གཞི་བཟོ་འགོད་གོང་ཞུ་བྱས་པ། 

    སྒྱུར་བཅོས་བྱས་རྗེས་ཁེ་ལས་ཐོ་ཁུངས་ནས་སུབ་པའི་སྤྱི་བསྒྲགས་ཀྱི་དུས་ཚོད་དེ་ཉིན་45ནས་ཉིན་20བར་ཐུང་དུ་བཏང་ཡོད། མིག་སྔར་ལྗོངས་ཡོངས་ཀྱི་ཁྲོམ་རའི་བྱེད་པོའི་དུད་ཚང་བསྡོམས་འབོར་ཁྲི་30.3ཡོད་པར་ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་ཁྲི་1.41ཟིན་པ་དང་། ལྗོངས་ཡོངས་སུ་ནུས་ལྡན་ཐོ་འགོད་ཚོང་རྟགས་23740དང་། ཀྲུང་གོའི་གྲགས་ཅན་ཚོང་རྟགས་16 ས་ཁམས་མཚོན་རྟགས་ཀྱི་ཚོང་རྟགས་94བཅས་ཡོད་པ་རེད།

    བསྡོམས་རྩིས་རག་ཙམ་བརྒྱབ་པར་གཞིགས་ན། འདི་ལོ་ཚུན་དུ་ཁྲོམ་རའི་བྱེད་པོའི་འབྲེལ་ཡོད་ཆ་འཕྲིན་ཁྲི་46ལྷག་ཙམ་ཡོངས་བསྒྲགས་བྱས་པ་དང་། སྡེ་ཚན་གཞན་དག་ལ་གཉེར་སྐྱོང་རྒྱུན་གཏན་མིན་པའི་མིང་ཐོའི་ཆ་འཕྲིན་ཁྲི་2.6མཁོ་འདོན་བྱས་པ། ཁ་དན་ཚིག་ལ་མ་གནས་པའི་ཁྲིམས་ཆད་གཏོང་ཡུལ་མི་ཐེངས་ཁྲི་504ཁྲིམས་ལྟར་བཀག་འགོག་བྱས་ཡོད། འབྲེལ་ཡོད་སྡེ་ཚན་དང་མཉམ་འབྲེལ་བྱས་ནས་རང་སྐྱོང་ལྗོངས་ཀྱིས་ཐོ་འགོད་བྱས་པའི་དངུལ་རྩའི་རིགས་ཀྱི་ཁེ་ལས་དུད་ཚང་58ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ། བཟའ་བཅའི་གཉེར་སྐྱོང་བྱེད་པོའི་དུད་ཚང་ཁྲི་6.18ལ་ཞིབ་བཤེར་བྱས་པ་དང་། ལོ་ཧྲིལ་པོར་བཟའ་བཅའི་ལས་འགན་ཁག་ཐེངས་5882འཐེན་བཤེར་བྱས་པས་ཁག་ཐེངས་1338ལེགས་གྲུབ་བྱུང་ནས་ཚད་གཞི་ལོན་ཚད་98.1%ཟིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།