[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ལྗོངས་ཀྱིས་མཐོ་རྒྱུགས་སོགས་ཀྱི་སློབ་བསྡུའི་ཡིག་རྒྱུགས་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-13

    ཉིན་ཤས་གོང་། གསར་འགོད་པས་རང་སྐྱོང་ལྗོངས་སློབ་བསྡུ་ཡིག་རྒྱུགས་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་ནས་ཤེས་རྟོགས་བྱས་པ་ལྟར་ན། 2019ལོའི་རང་ལྗོངས་ཀྱིས་མཐོ་རྒྱུགས་དང་། འབྲིང་རྒྱུགས། ཆུང་རྒྱུགས་ཀྱི་སློབ་བསྡུའི་ཡིག་རྒྱུགས་ལས་དོན་ལ་བརྟན་ཞིང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།

    ད་ལོ་རང་ལྗོངས་ཀྱི་ལྗོངས་ནང་ཁུལ་ནས་མཐོ་རྒྱུགས་དཀྱུས་མ་དང་ཁ་གཏད་མཐོ་རིམ་ལས་རིགས་རྒྱུགས་ལེན་ལ་ཞུགས་པའི་སློབ་མ་ཁྱོན་33601ཡོད། མཐོ་རྒྱུགས་དཀྱུས་མར་སྔོན་ལ་གཙོ་གནད་དངོས་གཞི་བསྡུས་པའི་ཁག་ཐེངས་སུ་སློབ་གྲྭ་25ཞུགས་ནས་སློབ་བསྡུ་བྱས་པར་སློབ་བསྡུའི་འཆར་གཞིར་སློབ་མ་409ཡིན་ནའང་དོན་དངོས་སུ་སློབ་མ་414བསྡུས་ཤིང་། དེའི་ནང་ནས་པེ་ཅིང་སློབ་ཆེན་དང་། པེ་ཅིང་སློབ་ཆེན་གསོ་རིག་པུའུ། ཆིང་ཧྭ་སློབ་ཆེན། ཤང་ཀང་གྲོང་ཁྱེར་སློབ་ཆེན། ཤང་ཀང་རྒྱ་ཡིག་སློབ་ཆེན་སོགས་ཀྱིས་རང་ལྗོངས་ནས་སློབ་མ་ཁྱོན་31བསྡུས་ཡོད་པ་རེད།

    ལྗོངས་ནང་ཁུལ་ནས་སྔོན་ལ་དངོས་གཞི་དཀྱུས་མ་བསྡུ་བའི་ཁག་ཐེངས་སུ་ཁྱོན་སློབ་གྲྭ་13ཞུགས་ནས་བསྡུས་པ་དང་། སློབ་བསྡུའི་འཆར་གཞིར་སློབ་མ་739ཡིན་པ་དང་དོན་དངོས་སུ་སློབ་མ་739བསྡུས་ཡོད་པ་རེད།

    དངོས་གཞིའི་ཁག་དང་པོའི་སློབ་བསྡུའི་འཆར་གཞིར་སློབ་མ་3091ཡིན་པར་ཁྱོན་སློབ་གྲྭ་202སློབ་བསྡུར་ཞུགས་པ་དང་། མིག་སྔར་དངོས་གཞི་ཁག་དང་པོ་མཇུག་འགྲིལ་ཉེར་ཡོད་པ་དང་སློབ་མ་2768བསྡུས་ཟིན་ལ་ལྷག་འཕྲོའི་སློབ་བསྡུའི་འཆར་གཞི་དེ་འདོད་འདུན་བརྒྱུད་ནས་བསྡུ་བཞིན་པའི་སྒང་ཡིན། ཟླ་8ཚེས་6ཉིན་བར་ཁག་ཐེངས་སོ་སོར་རིམ་རྩིས་བྱས་ན་སློབ་མ་6320བསྡུས་ཡོད་པ་རེད།

    ནང་སའི་བོད་ལྗོངས་མཐོ་འབྲིང་འཛིན་གྲྭའི(སློབ་གྲྭ)ཐད་ནས་རང་ལྗོངས་ཀྱི་2019ལོའི་ནང་སའི་བོད་ལྗོངས་མཐོ་འབྲིང་འཛིན་གྲྭའི(སློབ་གྲྭ)རྒྱུགས་སྤྲོད་སློབ་མ་ཁྱོན་3338ཡོད། ད་ལོར“སྐར་ཤེས་འདོད་འདུན་སྐོང་འབྲི”ལག་བསྟར་ཐོག་མར་བྱས་པ་རེད། དེའི་ནང་ནས་རང་ལྗོངས་ཀྱི་ནང་སའི་བོད་ལྗོངས་འཛིན་གྲྭ(སློབ་གྲྭ)མཐོ་རྒྱུགས་འདོད་འདུན་སྐོང་འབྲི་བརྒྱུད་སྔོན་དུ་སློབ་བསྡུའི་ཁག་ཐེངས་སུ་སློབ་གྲྭ་23ཞུགས་ཏེ་སློབ་བསྡུའི་འཆར་གཞིར་སློབ་མ་365ཡིན་པ་རེད།

    ནང་སའི་བོད་ལྗོངས་འཛིན་གྲྭའི(སློབ་གྲྭ)དངོས་གཞིའི་ཁག་ཐེངས་དང་པོར་སློབ་བསྡུའི་ཐད་མིག་སྔར་ཐེངས་གསུམ་པའི་འདོད་འདུན་བསྡུ་རུབ་ལས་དོན་འགྲུབ་པ་དང་། དངོས་གཞི་ཁག་དང་པོར་སློབ་གྲྭ་86ཞུགས་ནས་སློབ་བསྡུ་བྱས་པར་སློབ་བསྡུའི་འཆར་གཞིར་སློབ་མ་1763ཡིན་པ་དང་དོན་དངོས་སུ་སློབ་མ་1729བསྡུས་ཤིང་། ཟླ་8ཚེས་6ཉིན་བར་ཁག་ཐེངས་སོ་སོར་རིམ་རྩིས་བྱས་ན་ཁྱོན་སློབ་མ་2095བསྡུས་ཡོད་པ་རེད།

    འབྲིང་རྒྱུགས་ཀྱི་ཐད་ནས་ད་ལོར་རང་ལྗོངས་ཀྱི་རྒྱུགས་སྤྲོད་སློབ་མ་42083ཡོད་པ་དང་། མིག་སྔའི་བར་བོད་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གྲྭས་ཁྱོན་སློབ་མ་གསར་པ་1803བསྡུས་ཡོད། ནང་སའི་བོད་ལྗོངས་མཐོ་འབྲིང་འཛིན་གྲྭའི(སློབ་གྲྭ)ནང་གསབ་པའི་མཐོ་འབྲིང་ཁག་ཐེངས་167གྱི་འཆར་གཞིའི་བསྡུ་རུབ་འདོད་འདུན་དེ་ཟླ་8ཚེས་6ཉིན་མཇུག་འགྲིལ་ནས་སློབ་བསྡུ་བྱེད་བཞིན་པའི་སྒང་ཡིན་པ་རེད།

    ཆུང་རྒྱུགས་ཀྱི་ཐད་ནས་ད་ལོར་རང་ལྗོངས་སུ་རྒྱུགས་སྤྲོད་སློབ་མ་18644ཡིག་རྒྱུགས་ལ་ཞུགས་ཡོད་པ་རེད། ཟླ་7པའི་ཟླ་མཇུག་བར་གྲོང་ཁྱེར་དང་ས་ཁུལ་ཁག་གིས་སློབ་ཆུང་ནས་དམའ་རིམ་སློབ་འབྲིང་དུ་ཞུགས་པའི་སློབ་བསྡུ་དང་སློབ་ཚུད་ལས་དོན་བསྒྲུབས་ཚར་བ་མ་ཟད་སྤྱི་ཚོགས་ལའང་ཡོངས་བསྒྲགས་ཟིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།