[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • འཕྲལ་དུ་ཞིབ་བཤེར་དང་འཕྲལ་དུ་དག་ཐེར་དང་ཤེས་མ་ཐག་ལམ་སེང་དག་ཐེར་གྱིས“དག་ཐེར”འགོ་ནས་མཇུག་བར་ཁྱབ་པར་བྱེད་དགོས།

    —— “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་དགོས་པའི་སྐོར་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2019-08-09

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་སྐབས“‘དག་ཐེར’འགོ་ནས་མཇུག་བར་ཁྱབ་པ་བྱས་ཏེ་འཕྲལ་དུ་ཞིབ་བཤེར་དང་འཕྲལ་དུ་དག་ཐེར་དང་ཤེས་མ་ཐག་ལམ་སེང་དག་ཐེར་བྱེད་དགོས་ཞེས་ཁ་གསལ་བསྟན་གནང་ཡོད། ནང་སོག་ཏུ་རྟོག་ཞིབ་དང་འབྲེལ་བརྗོད་དོན་གཙོ་བོའི་སློབ་གསོར་མཛུབ་ཁྲིད་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅིས་བསམ་བློའི་ངོས་འཛིན་ལ་དམ་འཛིན་དམིགས་སར་འབྱོར་བ་དང་། གནད་དོན་ལ་ཞིབ་ལྟ་དམིགས་སར་འབྱོར་བ། དག་ཐེར་ལ་དམ་འཛིན་དམིགས་སར་འབྱོར་བ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་དམ་འཛིན་བྱེད་རྒྱུ་དམིགས་སར་འབྱོར་བ་བཅས་བྱེད་དགོས་ཞེས་སླར་ཡང་ནན་བཤད་གནང་ཡོད། གནད་དོན་དག་ཐེར་འགོ་ནས་མཇུག་བར་ཁྱབ་པ་བྱེད་རྒྱུ་ནི་བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་པས་དག་ཐེར་དོན་འཁྱོལ་ལ་དམ་འཛིན་འཁྲུལ་མེད་ཐུབ་མིན་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་སྤུས་ཚད་དང་ཕན་འབྲས་དང་ཐད་ཀར་འབྲེལ་བ་ཡོད།

    བྱ་སྤྱོད་ཅིག་རྩ་འཛིན་ཞིག་ལས་ལྷག་པ་ཡོད། གལ་ཏེ་ངོས་འཛིན་ཤོད་པ་ལས་བྱ་སྤྱོད་མ་སྤེལ་ན། དེ་ནི་འུད་ཤོབ་བཤད་པ་ཞིག་དང་། གལ་ཏེ་དག་ཐེར་དོན་འཁྱོལ་སྟག་མགོ་ལུག་མཇུག་བྱས་ན། དེ་ནི་ཕྱི་ཚུལ་རིང་ལུགས་རེད། “དག་ཐེར”འགོ་ནས་མཇུག་བར་ཁྱབ་པ་བྱེད་པར་ཞིབ་ཕྲའི་ཐོག་གང་ཞིག་དག་ཐེར་བྱེད་དགོས་སམ། དེ་ཡང་། ཕྱོགས་གཅིག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་རྒྱུར་སྣང་མེད་དུ་གཏོང་བ་དང་། ཁྲལ་སེལ་སླ་བཅོས། མི་བདེན་རྫུན་འགྲིག མངོན་སྲུང་ལྐོག་འགལ་བཅས་དང་། ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་མི་འདང་བ་དང་། ཐོབ་རེ་ཤོར་དོགས་བྱེད་པ། འགན་མི་འཁུར་བ་དང་བྱ་སྤྱོད་མི་སྤེལ་བ་བཅས་དང་དེ་བཞིན། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། རིམ་པ་བཞིན་གཞི་རིམ་གྱི་ཁུར་པོ་ལྕི་རུ་གཏོང་བ། ཚོགས་འདུ་དང་ཡིག་ཆ་རྫོགས་དུས་མེད་པ་མངོན་གསལ་དོད་པ། ལྟ་བཤེར་ཞིབ་བཤེར་དང་དཔྱད་ཞིབ་མང་བ་སོགས་ཕྱོགས་ལྔའི་ཐད་ཀྱི་གནད་དོན་མངོན་གསལ་དོད་པོ་གཙོ་གནད་བཅོས་སྒྲིག་བྱེད་དགོས། ཕྱོགས་གཞན་ཞིག་ནས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ལ་དམིགས་པ་དང་། སློབ་གསོ་སྨན་བཅོས་དང་། ཁོར་ཡུག་སྲུང་སྐྱོང་། བཟའ་བཅའ་དང་སྨན་རྫས་བདེ་འཇགས་སོགས་ཀྱི་དམངས་འཚོའི་ཁྱབ་ཁོངས་ལ་དམིགས་ནས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཟོ་བ་སོགས་ཕྱོགས་གསུམ་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་གཙོ་གནད་བཅོས་སྒྲིག་བྱེད་དགོས། དེ་དང་ཆབས་ཅིག་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་དམིགས་སར་མི་འབྱོར་བ་དང་། འཐེན་འཕྲི་བྱེད་པ། སླ་བཅོས་བྱེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་ཡུལ་བབ་དང་བསྟུན་རྒྱུ་མཐའ་འཁྱོངས་དང་རིགས་དབྱེ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ“གཏན་འཁེལ་བྱ་སྤྱོད”ལེགས་སྒྲུབ་བྱེད་དགོས་ལ། སྤེལ་བཞིན་པའི་ལས་ཀ་དང་མཉམ་བསྲེས་བྱས་ཏེ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་མཉམ་དུ་དོན་འཁྱོལ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་ལ་སྒྱུར་དགོས།

    “དག་ཐེར”འགོ་ནས་མཇུག་བར་ཁྱབ་པར་བྱེད་པའི་འགག་རྩ་ནི་གནད་དོན་གང་ཡིན་པ་དང་། གནད་འགག་གང་དུ་ཡོད་མེད་གསལ་པོ་ཤེས་པར་བྱས་ནས་དཀའ་གནད་སེལ་བའི་ཐབས་ཤེས་ངོ་མ་དང་ཐབས་ཤེས་ནུས་ལྡན་འདོན་པར་ཐུག་ཡོད། རྣམ་གྲངས་ཅན་གྱི་སྐུལ་འདེད་བྱ་ཐབས་ལག་བསྟར་བྱས་ནས་དམིགས་ཚད་ལས་འགན་གཏན་འཁེལ་བྱེད་པ་དང་། འགན་འཁྲིའི་བྱེད་པོ་དང་། འཕེལ་རིམ་གྱི་དུས་བཅད། ལས་ཀའི་བྱ་ཐབས་བཅས་ཁ་གསལ་བཟོས་ནས་ཤེས་རྟོགས་ཐུབ་པའི་གནད་དོན་རེ་རེ་བཞིན་གྱི་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་ཐག་གཅོད་ཐུབ་པའི་གནད་དོན་འཕྲལ་དུ་ཞིབ་བཤེར་དང་འཕྲལ་དུ་དག་ཐེར་དང་ཤེས་མ་ཐག་ལམ་སེང་དག་ཐེར་བྱེད་དགོས་པ་དང་། གནས་སྐབས་ཐག་གཅོད་བྱེད་མི་ཐུབ་པའི་རིགས་དུས་མཚམས་ཀྱི་དམིགས་ཚད་བཟོ་བ་དང་། དམ་འཛིན་ནན་པོ་བྱེད་པ། མུ་མཐུད་བཅོས་སྒྲིག་བྱེད་པ་བཅས་ཀྱིས་གནད་དོན་ཐག་གཅོད་མ་བྱུང་ན་ལྷོད་གཡེང་མི་བྱེད་པ་དང་། ཐག་གཅོད་མཐར་ཕྱིན་མ་བྱུང་ན་ལས་དོན་སྤེལ་མཚམས་མི་འཇོག་པ། མང་ཚོགས་ཀྱི་ཁས་ལེན་མ་ཐོབ་ན་མཚམས་མི་འཇོག་པ་བཅས་བྱེད་དགོས། དུས་ཐོག་ཏུ་དག་ཐེར་དོན་འཁྱོལ་གྱི་གནས་ཚུལ་ལ“ཕྱིར་མིག་ལྟ་བ”དང“རྗེས་སྙེག་མཛུབ་ཁྲིད”བྱས་ནས་ཡིག་ཐོག་དག་ཐེར་དང་དག་ཐེར་རྫུས་མ་སྔོན་འགོག་དང་། དག་ཐེར་དོན་འཁྱོལ་སྟག་མགོ་ལུག་མཇུག་དང་ཁྲལ་སེལ་སླ་བཅོས་སྔོན་འགོག་བྱེད་དགོས།

    “དག་ཐེར”འགོ་ནས་མཇུག་བར་ཁྱབ་པར་བྱེད་པར“འགག་རྩའི་ཉུས་ཤས”ཀྱི་དངོས་སྒྲུབ་འགན་འཁུར་དང་ཁ་འབྲལ་ཐབས་མེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པས་སྔོན་ལ་སློབ་སྦྱོང་དང་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། སྔོན་ལ་དག་ཐེར་དང་དག་ཐེར་ཏན་ཏིག་བྱེད་དགོས”ཞེས་ནན་བཤད་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་ཀྲུང་དབྱང་གི་བླང་བྱ་དང་ཡང་ཡང་སྡུར་བ་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་དམ་འཛིན་དངོས་འབྲེལ་བྱེད་པའི་ངར་ཤུགས་དང་དམ་འཛིན་མཁས་པོ་བྱེད་པའི་ཐབས་ཤེས། རྟག་ཏུ་དམ་འཛིན་བྱེད་པའི་སེམས་ཤུགས་བརྟན་པོ་བཅས་ལ་བརྟེན་ནས་བྱ་ཐབས་དངོས་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་པ་དང“དུས་རབས་ཀྱི་རྒྱུགས་ཤོག”ལ་ལན་ཡག་པོ་རྒྱག་དགོས། དག་ཐེར་དོན་འཁྱོལ་གྱི་འགན་འཁྲི་འཁུར་བར་སྔར་བས་ཤུགས་སྣོན་བརྒྱབ་ནས་བྱས་འབྲས་ཐོབ་པར་ངས་མི་རྩོད་པ་དང་བྱས་རྗེས་འཇོག་པར་ང་ཡིས་འབད་པའི་བསམ་བློའི་འཁྱེར་སོ་དང“ཐག་གཅོད་དཀའ་བའི་གནད་དོན”ཐག་གཅོད་བྱེད་ཕོད་པ། “རྡོ་ལེབ་ཚ་པོའི་སྟེང་གི་གྲོག་མ”བྱེད་པ། བྱ་ཐབས་དངོས་ལ་བརྟེན་ནས“བློ་རྒྱ་ཆེན་པོ”ལྡན་པའི་ངར་ཤུགས་ལྡན་པ། གནད་དོན་རེ་རེ་བཞིན་ལ་དམ་འཛིན་དང་སྐུལ་འདེད་གཏོང་བ། གནད་དོན་རེ་རེ་བཞིན་ཐག་གཅོད་བྱས་ནས་ནུས་པ་ཐོན་པ་བཅས་བྱས་ཏེ་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་བོད་དུ་ལག་བསྟར་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏིང་ཟབ་བཏང་ཐོག་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།