[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས།

    《གཞུང་ལས་པའི་བཅའ་ཁྲིམས་ལག་བསྟར་བྱས་ཏེ་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་གཞུང་ལས་པའི་དཔུང་ཁག་འཛུགས་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-31

    ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《གཞུང་ལས་པའི་བཅའ་ཁྲིམས་ལག་བསྟར་བྱས་ཏེ་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་གཞུང་ལས་པའི་དཔུང་ཁག་འཛུགས་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་དང་འབྲེལ་བརྡ་ཐོ་བཏང་ནས་རིམ་ཁག་ཏང་ཨུད(ཏང་ཙུའུ)དང་དེའི་རྩ་འཛུགས(མི་དོན)སྡེ་ཚན་གྱིས་གསར་དུ་བཟོ་བཅོས་བརྒྱབ་པའི་གཞུང་ལས་པའི་བཅའ་ཁྲིམས་སློབ་སྦྱོང་དང་ལག་བསྟར་བྱེད་པ་ཆབ་སྲིད་ཀྱི་ལས་འགན་ནན་པོ་ཞིག་ལ་བརྩིས་ནས་གསར་དུ་བཟོ་བཅོས་བརྒྱབ་པའི་གཞུང་ལས་པའི་བཅའ་ཁྲིམས་ལག་བསྟར་དང་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་གཞུང་ལས་པའི་དཔུང་ཁག་འཛུགས་སྐྱོང་ཟུང་འབྲེལ་བྱས་ཏེ་དད་སེམས་བརྟན་པོ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། སྲིད་བརྩོན་དངོས་སྒྲུབ། འགན་འཁྲི་འཁུར་ཕོད་པ། སྤྱོད་གཙང་གཞུང་དྲང་བཅས་ཀྱི་གཞུང་ལས་པའི་དཔུང་ཁག་ཅིག་ཧུར་ཐག་འཛུགས་དགོས་པའི་བླང་བྱ་བཏོན་ཡོད།

    《བསམ་འཆར》ནང་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ཀྱི་ལམ་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཏང་གིས་གཞུང་ལས་པའི་དཔུང་ཁག་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས། དུས་སྐབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་དོན་འཁྱོལ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པར་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་དམ་པོར་དམིགས་ནས་རྒྱལ་ཁབ་བཅོས་སྐྱོང་གི་མ་ལག་དང་བཅོས་སྐྱོང་གི་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བླང་བྱ་དང་བསྟུན་ཏེ་ཁྲིམས་ལྟར་གཞུང་ལས་པའི་དཔུང་ཁག་ལ་དོ་དམ་དང་གསོ་སྐྱོང་སྦྱོང་བརྡར་སྤྲོས་དགོས།

    《བསམ་འཆར》ནང་ནན་བཤད་བྱས་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་གཞུང་ལས་པའི་དཔུང་ཁག་གི་བསམ་བློར་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་གཞུང་ལས་པ་གསོ་སྦྱོང་བྱེད་པའི་ལས་འགན་གཙོ་བོ་དང་། ཡིག་རྒྱུགས་ཚད་ལེན་གྱི་ནང་དོན་གལ་ཆེན། དཔྱད་ཞིབ་ལྟ་སྐུལ་གྱི་ཕྱོགས་གལ་ཆེན་བཅས་སུ་བརྩིས་ནས་ཆབ་སྲིད་ཀྱི་ཚད་གཞི་དང་ཆབ་སྲིད་ཀྱི་བླང་བྱ་གཞུང་ལས་པའི་དཔུང་ཁག་འཛུགས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཚང་མར་ཁྱབ་པར་བྱས་ཏེ་རྒྱ་ཆེའི་གཞུང་ལས་པའི་ཆབ་སྲིད་ཀྱི་ཞུན་བརྡར་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་གཏོང་བ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་སྐྱེད་སྲིང་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་ལག་བསྟར། ལས་གནས་ལ་གཞི་ཚུགས་པ་དང་འགན་འཁྲི་གཙང་མར་བསྒྲུབས་ནས་དུས་རབས་གསར་པའི་ཏང་གི་ལོ་རྒྱུས་ཀྱི་འགན་འཁྲི་མངོན་འགྱུར་ཡོང་ཆེད་བྱས་རྗེས་འཇོག་དགོས།

    《བསམ་འཆར》ནང་བཏོན་དོན། རིགས་དབྱེ་སྒྱུར་བཅོས་གཏིང་ཟབ་བྱས་ཏེ་དོ་དམ་ཚན་རིག་ཅན་གྱི་ཆུ་ཚད་གོང་མཐོར་གཏོང་བ་དང་། གཞུང་ལས་པའི་དཔུང་ཁག་ཡོང་ཁུངས་ཐབས་ལམ་རྒྱ་ཆེར་བཏང་ནས་དཔུང་ཁག་གི་གྲུབ་ཆ་ལེགས་སུ་གཏོང་བ། གསོ་སྐྱོང་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་ནས་འཇོན་ཐང་ཆེ་རུ་གཏོང་བ། དཔྱད་ཞིབ་ལམ་སྲོལ་འཐུས་ཚང་བཙུགས་ཏེ་སྐུལ་ལྕག་ནུས་པ་འདོན་པ་བཅས་བྱེད་དགོས།

    《བསམ་འཆར》ནང་བླང་བྱ་བཏོན་དོན། དོ་དམ་ནན་པོ་མཐའ་འཁྱོངས་དང་ཉམས་སད་ཐེག་པའི་སྤྱོད་ཚུལ་ཞུན་བརྡར་བཏང་སྟེ་རྒྱུན་གཏན་གྱི་ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་ཚང་འཛུགས་པ་དང་། གཞུང་ལས་པའི་ཕྱོགས་ཡོངས་ཀྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ཡོ་བསྲང་ནུས་ལྡན། འགན་མི་འཁུར་བ་དང་། དགོས་པའི་ལས་མི་བྱེད་པར་མི་དགོས་པའི་ལས་རྙོག་བཟོ་བ་སོགས་ཀྱི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བཅས་བྱས་ཏེ་རྒྱུགས་བསྡུ་དང་། གསོ་སྦྱོང་། དཔྱད་ཞིབ། ལས་གནས་ལས་རིམ་བསྐོ་འཐེན་དང་སྤོར་གཅོག བྱ་དགའ་ཆད་གཅོད། ལྟ་སྐུལ་སོགས་ཀྱི་ལས་དོན་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་ནན་པོ་གཞིགས་ནས་སྤེལ་དགོས། དྲང་ཕྱོགས་ལྕག་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་གཞུང་ལས་པའི་དཔུང་ཁང་གི་གསོན་ཤུགས་འཕེལ་བར་བྱེད་པ་དང་གཞི་རིམ་ལ་མཐོང་ཆེན་བྱེད་པའི་སྟོན་ཕྱོགས་མངོན་གསལ་དོད་པོ་བྱས་ཏེ་གཞི་རིམ་གཞུང་ལས་པའི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།