[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ཀྱིས་2019ལོའི་དམག་བསྡུའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-31

    དམག་ཞུགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་ཆེད། ཉིན་ཤས་གོང་རང་ལྗོངས་ཀྱིས་ལྷ་ས་གྲོང་ཁྱེར་དུ་2019ལོའི་དམག་བསྡུའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་དམག་བསྡུ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ནོར་བུ་དོན་གྲུབ་དང་། བོད་དམག་ཁུལ་ཁང་གི་སི་ལིང་ཡོན་གཞོན་པ་རང་སྐྱོང་ལྗོངས་དམག་བསྡུ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་ཐུབ་བསྟན་འཕྲིན་ལས། བོད་དམག་ཁུལ་ཁང་གི་ཚན་མོའུ་ཀྲང་གཞོན་པ་རང་སྐྱོང་ལྗོངས་དམག་བསྡུ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ངག་དབང་རྡོ་རྗེ། བོད་དམག་ཁུལ་ཁང་གི་ཆབ་སྲིད་ལས་དོན་པུའི་ཀྲུའུ་རེན་གཞོན་པ་ངག་དབང་བཅས་དྲིལ་བསྒྲགས་བྱེད་སྒོར་ཕེབས་ཡོད་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་ནོར་བུ་དོན་གྲུབ་ཀྱིས་དམག་བསྡུའི་དྲིལ་བསྒྲགས་ལས་དོན་ནི་དམག་བསྡུའི་ལས་དོན་ཁྲོད་ཀྱི་ལྷུ་ཚིགས་གལ་ཆེ་ཤོས་དང་རྨང་གཞི་ཞིག་ཡིན་པས། ད་རེས་ཀྱི་བྱེད་སྒོ་ཡག་པོ་སྤེལ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་དམག་བསྡུའི་དྲིལ་བསྒྲགས་ལས་དོན་དེ་དམག་བསྡུའི་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་དམག་ཤུགས་སྟོབས་ཆེར་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ཏེ་དྲིལ་བསྒྲགས་དང་འགྲེལ་བཤད་ལས་དོན་ངང་རྒྱུད་རིང་ལ་ཞིབ་ཚགས་པོས་སྒྲུབ་དགོས། དམག་མི་མི་དམངས་མང་ཚོགས་ཁྲོད་ནས་ཐོན་པའི་བསམ་བློ་བརྟན་པོ་བཙུགས་ཏེ་མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། རིམ་ཁག་དམག་བསྡུ་གཞུང་ལས་ཁང་གིས་དམག་བསྡུའི་ཞབས་ཞུའི་འགག་སྒོ་སྔོན་ཚུད་ནས་ཡག་པོ་སྲུང་སྟེ་དམག་བསྡུའི་དྲིལ་བསྒྲགས་ལས་དོན་གང་དུ་སྤེལ་བ་དེ་གར་མིང་ཐོ་བཀོད་ནས་མང་ཚོཌ་ལ་སྟབས་བདེ་བསྐྲུན་དགོས་ཞེས་གསུངས་པ་རེད།

    ད་རེས་ཀྱི་དམག་བསྡུའི་གཅིག་སྡུད་དྲིལ་བསྒྲགས་གཟའ་འཁོར་བྱེད་སྒོའི་དུས་ཚོད་ནི་ཟླ་7ཚེས་26ཉིན་ནས་ཟླ་8ཚེས་1ཉིན་བར་ཡིན་ཞིང་། དེའི་རིང་དྲིལ་བསྒྲགས་ཁྲོམ་གཞུང་དང་དྲིལ་བསྒྲགས་ས་ཚིགས་སུ་བྱེད་སྒོ་སྤེལ་བ་ཕུད། ད་དུང་དྲིལ་བསྒྲགས་རླངས་འཁོར་སོགས་སྤྱད་ནས་སྐོར་སྐྱོད་དང་ཕྱི་རོལ་དུ་དྲིལ་བསྒྲགས་བྱ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།