[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་སྣོད་བཅུད་བཟང་སར་གནས་སྤོའི་འཆར་འགོད(2018ལོ་ནས་2025ལོ་བར)》བཟོ་བཅོས་བྱ་རྒྱུར་ཆེད་མངགས་ཞིབ་འཇུག་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-31

    ཚེས་29ཉིན་གྱི་སྔ་དྲོ་རང་ལྗོངས་ཀྱིས་ཆེད་དོན་ཚོགས་འདུ་འཚོགས་ནས《བོད་རང་སྐྱོང་ལྗོངས་ཀྱི་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་སྣོད་བཅུད་བཟང་སར་གནས་སྤོའི་འཆར་འགོད(2018ནས་2025ལོ་བར)》(གཤམ་དུ《འཆར་འགོད》ཅེས་བསྡུ་རྒྱུ)བཟོ་བཅོས་གནས་ཚུལ་ལ་ཞིབ་འཇུག་བྱས་པ་དང་འབྲེལ་རང་སྐྱོང་ལྗོངས་དང་འབྲེལ་ཡོད་གྲོང་ཁྱེར་དང་ས་ཁུལ་གྱི་གནས་ཚུལ་སྙན་སེང་གསན་ནས་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་གྱིས་ཚོགས་འདུ་གཙོ་སྐྱོང་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་སྣོད་བཅུད་བཟང་སར་གནས་སྤོའི་ཚོད་ལྟའི་ལས་དོན་ལ་ཚད་བརྒལ་ཆེན་པོ་བྱུང་ཡོད། 《འཆར་འགོད》དེ་དུས་ཡུན་ལོ་གཅིག་ལྷག་ཙམ་རིང་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་བོད་ཀྱི་མི་འབོར་གཞི་ཁྱོན་འོས་འཚམ་ངང་གཅིག་སྡུད་དང་། ཐོན་ཁུངས་ཀྱི་གཞི་རྒྱུ་ནུས་ཆེའི་བཀོད་སྒྲིག གྲོང་ཁྱེར་དང་གྲོང་གསེབ་སྤྱི་འདོམས་འཕེལ་རྒྱས། སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོར་གཏོང་སོགས་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་རྒྱུ་རེད་ཅེས་བསྟན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།