[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པ་མངགས་གཏོང་ལས་དོན་ལེགས་སྒྲུབ་ཟིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-30

    ཚེས་28ཉིན། རང་ལྗོངས་ཀྱིས་2019ལོའི་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པ་མངགས་གཏོང་ལས་དོན་ལེགས་སྒྲུབ་ཟིན་པ། དེའི་ཐོག་ནས། ལོ་འཁོར་འདིའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པའི་འབྲེལ་ཡོད་ལས་དོན་ཡོངས་སུ་ལེགས་གྲུབ་བྱུང་བ་མཚོན་ཡོད་པ་རེད།

    འདི་ལོར། སྡེ་ཚོགས་ལྗོངས་ཨུ་ལྷན་གྱིས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་། ཧྲན་ཤིས། ཅང་ཤིས། ཧོ་ནན། ཀོང་ཤིས། བོད་ལྗོངས་སོགས་ཁྱོན་ཞིང་ཆེན(ལྗོངས་དང་གྲོང་ཁྱེར)22ལ་ཕྱོགས་ནས། “ནུབ་རྒྱུད་འཆར་གཞིའི”བོད་ཀྱི་ཆེད་དོན་དང་བླངས་པ་1200(ཚང་མ་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་དངོས་གཞིའི་ཚན་ཁག་དང་ཡང་ན་དེའི་ཡན་གྱི་སློབ་རྒྱུས་ལྡན་པ་ཡིན་ལ། དེ་དག་ཁྲོད་985དང་211མཐོ་སློབ་ཀྱི་དངོས་གཞིའི་སློབ་ཐོན་སློབ་མ་177དང་། སློབ་ཁུངས་ལྗོངས་ནང་ཁུལ་ཡིན་པ་དང་དེ་བཞིན་ལྗོངས་ནང་ཁུལ་གྱི་མཐོ་སློབ་ནས་ཐོན་པའི་སློབ་མ་54ཞིབ་འཇུག་སློབ་མ་44བཅས་ཡོད་པ)ལྷག་ཙམ་བསྡུས་ཤིང་། ཚེས་20དང་21ཉིན་དང་བླངས་པ་ཚོ་གཅིག་སྡུད་ཐོག་བོད་དུ་བསླེབས་པ་རེད།

    ཚེས་22ནས་26ཉིན་བར། དང་བླངས་པས་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་དུ་ལས་ཞུགས་གོང་གི་གསོ་སྦྱོང་དང་ལེན་བྱས་པ་དང་། ཚེས་27དང་28ཉིན། དང་བླངས་པ་ཚོ་ཞབས་ཞུ་བྱ་ཡུལ་དང་ཡང་ན་ཞབས་ཞུ་ཚན་པར་གཅིག་རྗེས་གཉིས་མཐུད་དུ་བསྐྱོད་པ་རེད།

    ང་ཚོས་གྲོང་ཁྱེར་དང་ས་ཁུལ་ཁག་གི་གུང་གཞོན་སྡེ་ཚོགས་ཨུ་ལྷན་དང་རྣམ་གྲངས་གཞུང་དོན་ཁང་དང་དེ་བཞིན་མི་སྤྱོད་ཚན་པ་ཁག་ལ། “ནུབ་རྒྱུད་འཆར་གཞིའི”བོད་ཀྱི་ཆེད་དོན་དང་བླངས་པའི་ཆེད་ལས་དང་ཟུང་འབྲེལ་བྱས་ཐོག་དབུལ་སྐྱོར་དང་། སློབ་སྐྱོར། ཞིང་གསུམ། སྨན་བཅོས་བཅས་ཀྱི་སྟོན་ཕྱོགས་འབུར་དུ་ཐོན་པར་བྱས་ནས། ཤང་དང་གྲོང་རྡལ་དང་། རྫོང་དང་ཆུས་ལ་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་མངག་གཏོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། ཚན་རིག་དང་མཐུན་ཞིང་ལུགས་མཐུན་ངང“ནུབ་རྒྱུད་འཆར་གཞིའི”བོད་ཀྱི་ཆེད་དོན་དང་བླངས་པ་ཞབས་ཞུའི་ལས་གནས་ཐོག་མངག་གཏོང་བྱས་ཏེ། དང་བླངས་པ་དང་ལས་གནས་འཚམ་མཐུན་ཡོང་བར་བྱས་ནས་ནུས་པ་འདོན་སྤེལ་ཐུབ་པའི་འགན་ལེན་བྱེད་རྒྱུའི་རེ་བ་བཏོན་ཡོད་ཅེས་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་བརྗོད་པ་རེད།

    “རང་ཉིད་ཀྱི་རིན་ཐང་མངོན་འགྱུར་བྱ་སའི་ནུབ་རྒྱུད་འཆར་གཞིའི་ལས་སྟེགས་འདི་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་ཅིག སྡེ་ཚོགས་ལྗོངས་ཨུ་ལྷན་དང་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་རྣམ་གྲངས་གཞུང་དོན་ཁང་གིས་ང་ཚོར་ཇུས་འགོད་ཞིབ་ཚགས་བྱས་ནས་ལས་ཞུགས་གོང་གི་ཆེད་དོན་གསོ་སྦྱོང་གཉེར་བར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་སླད་ཕྱིན་གྱི་དང་བླངས་ཞབས་ཞུའི་ཁྲོད་སློབ་སྦྱོང་ལ་བརྩོན་པ་དང་། གསར་གཏོད་བྱེད་མཁས་པ། ལེགས་སྐྱེས་འབུལ་ལ་སྤྲོ་བ་དང་། དང་བླངས་པའི་སྙིང་སྟོབས་ལག་ལེན་དང་ཡར་རྒྱས་བརྩོན་ལེན་བྱས་ནས། ལང་ཚོའི་དུས་སྐབས་ཡག་ཤོས་ལ་དོན་སྙིང་ཆེ་ཤོས་ཀྱི་བྱ་བ་བསྒྲུབས་ཏེ། ཚད་ལོན་པའི་ན་གཞོན་དང་བླངས་པ་ཞིག་བྱེད་རྒྱུ་ཡིན”ཞེས་དང་བླངས་པ་ཀུའོ་ཆན་གྱིས་བརྗོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།