[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ནག་ཆུ་གྲོང་ཁྱེར་གྱིས་མཛེས་སྡུག་ལྡན་ཞིང་སྡོད་མལ་ལ་འཚམ་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-28

    འདི་ལོ་ཚུན་དུ་ནག་ཆུ་གྲོང་ཁྱེར་གྱིས་གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི“ཐོན་ལས་དར་རྒྱས་དང་། སྣོད་བཅུད་སྡོད་མལ་ལ་འཚམས་པ། ཡུལ་སྲོལ་བཟང་བ། བཅོས་སྒྲིག་ནུས་ལྡན། འཚོ་བ་འབྱོར་ཕྱུག”བཅས་ཀྱི་བླང་བྱ་གཞིར་བཟུང་། 《ནག་ཆུ་གྲོང་ཁྱེར་གྱི་གྲོང་ཚོ་རིམ་པའི་སྣོད་བཅུད་ཁོར་ཡུག་འཕྲོད་བསྟེན་དོ་དམ་པའི་དོ་དམ་བྱ་ཐབས》བཀྲམ་སྟེ་གྲོང་ཚོ་རིམ་པའི་སྣོད་བཅུད་ཁོར་ཡུག་འཕྲོད་བསྟེན་དོ་དམ་པའི་ལས་གནས་ལག་བསྟར་བྱ་རྒྱུར་སྔོན་ལ་སྐུལ་འདེད་བཏང་བ་དང་། གྲོང་ཚོ་རིམ་པའི་སྣོད་བཅུད་དོ་དམ་པའི་དཔུང་ཁག་འཛུགས་སྐྱོང་བྱས་པ། གྲོང་གསེབ་ཀྱི་གད་སྙིགས་དང་། གྲོང་ཚོ་བཀོད་གཙང་གི་ལས་དོན། གྲོང་ཚོ(གྲོང་ལྷན)གྱི་རྒྱུན་གཏན་གྱི་བདེ་འཇགས་འགོག་ཟོན་དང་བརྟན་ལྷིང་སྲུང་སྐྱོང་གི“འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ”བཅས་ཡག་པོ་བརྒྱབ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ནག་ཆུ་གྲོང་ཁྱེར་དུ་གྲོང་ཚོ་དང་གྲོང་ལྷན་1190ཡོད་པ་ཚང་མར་ལས་གནས་6རེ་བཀོད་སྒྲིག་བྱས་ཤིང་། གཙོ་བོ་གྲོང་ཚོའི་ཁོར་ཡུག་འཕྲོད་བསྟེན་དང་འཚོ་བའི་གད་སྙིགས་གཙང་སེལ་བྱེད་པ་དང་འབྲེལ་གཏན་འཁེལ་བྱས་པའི་གད་སྙིགས་བསྡུ་རུབ་ས་ཚིགས་སུ་དབོར་ཏེ་གྲོང་ཚོའི“བཙོག་ཟིང་ཞན”གསུམ་གྱི་རྣམ་པ་རིམ་བཞིན་འགྱུར་ལྡོག་བཏང་ནས་གྲོང་ཚོའི་ཁོར་ཡུག་གཙང་ཞིང་གྲལ་འགྲིག་པའི་རྣམ་པ་རྒྱུན་འཁྱོངས་བྱས་ཡོད།

    རྫོང(ཆུས)དང་ཤང(གྲོང་རྡལ)ཁག་གི་མི་དམངས་སྲིད་གཞུང་གིས་གྲོང་ཚོ་རིམ་པའི་སྣོད་བཅུད་ཁོར་ཡུག་འཕྲོད་བསྟེན་དོ་དམ་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། གྲོང་ཚོ(གྲོང་ལྷན)ཨུ་ལྷན་ཚན་ཁག་གི་ཁོངས་མི་གཅིག་གིས་སྣོད་བཅུད་ཁོར་ཡུག་འཕྲོད་བསྟེན་དོ་དམ་པའི་རྒྱུན་གཏན་དོ་དམ་ལས་དོན་དང་ཐོ་འགོད་ལས་བཤེར་ལས་དོན་གྱི་འགན་འཁུར་དུ་བཅུག་ཡོད། དུས་ཚིགས་རེར་ལྟ་སྐུལ་དོ་དམ་ཚོགས་འདུ་རེ་འཚོགས་ཏེ་དུས་ཚིགས་དང་པོའི་གྲོང་ཚོ་རིམ་པའི་སྣོད་བཅུད་ཁོར་ཡུག་འཕྲོད་བསྟེན་དོ་དམ་ལས་ཀའི་གནས་ཚུལ་བརྡ་ཁྱབ་གཏོང་བ་དང་འབྲེལ་གོམ་སྟབས་རྗེས་མའི་ལས་དོན་ལ་བསམ་འཆར་དང་གྲོས་འགོ་ཡང་འདོན་གྱི་ཡོད།

    གྲོང་ཁྱེར་ཡོངས་ཀྱི་གྲོང་ཚོ་རིམ་པའི་སྣོད་བཅུད་ཁོར་ཡུག་འཕྲོད་བསྟེན་དོ་དམ་པ་7098ཀྱི་ཁ་གསབ་དངུལ་དེ་གྲོང་ཁྱེར་དང་རྫོང(ཆུས)ནོར་སྲིད་ཀྱིས་ལོ་འགོའི་སྔོན་རྩིས་ལ་བཅུག་སྟེ་རྫོང(ཆུས)དང་གྲོང་ཚོ(གྲོང་ལྷན)100མན་གྱི་རོགས་དངུལ་དག་གྲོང་ཁྱེར་དང་རྫོང(ཆུས)ཁག་སོ་སོས་50%སྤྲོད་པ་དང་། རྫོང(ཆུས)དང་གྲོང་ཚོ(གྲོང་ལྷན)100ཡན་གྱི་རོགས་དངུལ་གྲོང་ཁྱེར་གྱིས་65%དང་རྫོང(ཆུས)ཀྱིས35%སོ་སོར་སྤྲད་ནས་གྲོང་ཁྱེར་དང་རྫོང(ཆུས)གི་གྲོང་ཚོ་རིམ་པའི་སྣོད་བཅུད་ཁོར་ཡུག་འཕྲོད་བསྟེན་དོ་དམ་ལས་དོན་རྒྱུན་གཏན་ལྟར་འཁོར་རྒྱུག་ཐུབ་པའི་འགན་ལེན་བྱས་ཡོད། གྲོང་ཚོ་རིམ་པའི་སྣོད་བཅུད་ཁོར་ཡུག་དོ་དམ་པར་ལོ་རེར་མི་རེར་སྣོད་བཅུད་ལས་གནས་ཀྱི་རོགས་དངུལ་སྒོར་3500ཡི་རྨང་གཞིའི་ཐོག་གྲོང་ཁྱེར་དང་རྫོང(ཆུས)གིས་ཁ་གསབ་སྒོར་6000སྤྲད་ནས་ལོ་རེར་མི་རེར་སྒོར་9500ཡི་ཚད་གཞིར་སླེབས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།