[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ལ་རྒྱབ་ཤང་གི་མཐའ་མཚམས་མི་སེར་གྱི་བདེ་སྐྱིད་ལྡན་པའི་འཚོ་བའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-19

    643208_yis_1563352068236.jpg

    འདི་ནི་ལ་རྒྱབ་ཤང་བྱེ་ལི་ཕུག་གྲོང་ཚོའི་གྲོང་མིས་མཐའ་མཚམས་སུ་སྐོར་གཡེང་བྱེད་བཞིན་པ།

    643203_yis_1563352066446.jpg

    འདི་ནི་ལ་རྒྱབ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཀུན་བཟང་བསྟན་འཛིན(གཡོན་གྱི་དང་པོ)གྱིས་བྱེ་ལི་ཕུག་གྲོང་ཚོའི་གྲོང་མིའི་ཁྱིམ་དུ་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པ།

    643210_yis_1563352068986.jpg

    འདི་ནི་མཐའ་མཚམས་མི་སེར་ཚོའི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བཞིན་པ།

    643207_yis_1563352067726.jpg

    འདི་ནི་ལ་རྒྱབ་ཤང་གི་གྲོང་མིས་སྨྱུག་ཆས་བསླ་བཞིན་པ།

    643205_yis_1563352067126.jpg

    འདི་ནི་ལ་རྒྱབ་ཤང་གི་གྲོང་མིས་གནས་དེ་གའི་ཐོན་ཁུངས་སྤྱད་དེ་ཤིང་ཕོར་དང་རྩམ་ཕོར་བཟོ་བཞིན་པ།

    643211_yis_1563352069366.jpg

    འདི་ནི་ལ་རྒྱབ་ཤང་ཡོངས་ཀྱི་མཛེས་ལྗོངས་ཡིན་པ།

    མཐའ་མཚམས་ཀྱི་ཤང་ཞིག་ཡིན་པའི་ལ་རྒྱབ་ཤང་ནི་བྲག་རི་གཡང་གཟར་གྱི་ལུང་གཞུང་ཁྲོད་གནས་པ་དང་། དེ་སྔོན་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ནི་འགྲིམ་འགྲུལ་སྟབས་མི་བདེ་བ་དང་ཆ་འཕྲིན་གུ་དོག་ཤོས་ཀྱི་ཤང་ཞིག་ཡིན་ཞིང་། ད་ཆ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུཌ་སྐྲུན་གྱི་ཕན་པ་ལོངས་སྤྱོད་བྱེད་བཞིན་པའི་ལ་རྒྱབ་ཤང་ལ་ལོ་རེ་ལས་མ་འདས་པར་འགྱུར་ལྡོག་འགྲོ་བཞིན་ཡོད། ལ་རྒྱབ་ཤང་ལ་སྔོན་ཆད་དང་བསྡུར་ན་ཧང་སངས་དགོས་པའི་འགྱུར་ལྡོག་བྱུང་བ་སྟེ། གཞུང་ལམ་སྒོ་འགྲམ་དུ་ཤར་གཏོང་ཐུབ་པ་མ་ཟད། དམངས་ཕན་སྲིད་ཇུས་སྣ་ཚོཌ་ལས་མཐའ་མཚམས་མི་སེར་ཚོར་འབབ་འཕར་བྱུང་ཡོད།

    གསར་འགོད་པ་ལ་རྒྱབ་ཤང་དུ་འབྱོར་སྐབས། དང་ཐོག་མིག་མདུན་དུ་འཆར་བ་ནི་གྲལ་སྟར་སྒྲིག་པའི་ཐོག་བརྩེགས་ཁང་པ་དང་རྒྱ་ཆེ་བའི་སྒོ་ར་རེད། དེ་བས་མངོན་གསལ་འདོད་པ་ནི་ཁོང་ཚོའི་དམར་མདངས་བཀྲ་བའི་ཐོག་ཁ་དང་ལྷབ་ལྷུབ་ཏུ་གཡོ་བའི་སྐར་ལྔའི་དར་དམར་རེད། གྲོང་ཚོར་བསྐྱོད་སྐབས་གྲལ་སྟར་སྒྲིག་པའི་ཉི་ནུས་ལམ་སྒྲོན་གང་སར་ཡོད་པ་དང་གམ་གཙང་བའི་ཨར་འདམ་ལམ་སྡོད་ཁང་རེ་རེའི་སྒོ་འགྲམ་དུ་བཏིང་བ་སོགས་དེང་རབས་ཅན་གྱི་རྣམ་པ་གང་སར་མཐོང་རྒྱུ་ཡོད།

    ས་གཤིས་ཆགས་སྟངས་ལ་དམིགས་བསལ་རང་བཞིན་དང་གལ་ཆེན་རང་བཞིན་ལྡན་པས་ལ་རྒྱབ་ཤང་གི་ལས་བྱེད་པ་དང་མང་ཚོགས་ཚོས་དུས་ཡུན་རིང་པོའི་ནང་མེས་རྒྱལ་གྱི་མངའ་ཁོངས་ས་ཆ་སྲུང་སྐྱོང་དང་། མཐའ་མཚམས་སྲུང་སྐྱོང་དང་ཚོད་འཛིན་གྱི་གཟི་བརྗིད་ལྡན་པའི་ལས་འགན་དང་ཆབ་སྲིད་ཀྱི་འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར་ཡོད། 2016ལོར་བཙུགས་པའི་ལ་རྒྱབ་ཤང་བྱེ་ལི་ཕུག་གྲོང་ཚོ་ནི་མཐའ་མཚམས་ཀྱི་འཐབ་ས་དང་པོའི་སྲིད་འཛིན་གྲོང་ཚོ་ཞིག་ཡིན་ལ་བཙུགས་མ་ཐག་པའི་སྲིད་འཛིན་གྲོང་ཚོ་ཞིག་ཀྱང་ཡིན་པས་མིག་སྔར་དུད་ཚང་10ཡི་མི་23ཡོད། 2018ལོར་ལ་རྒྱབ་ཤང་འབྱོར་འབྲིང་དཔེ་སྟོན་གྲོང་ཚོར་བསྐྲུན་པ་དང་། ལ་རྒྱབ་ཤང་ཡོངས་ཀྱི་དུད་ཚང་69ཡི་མི་253དེང་རབས་ཅན་གྱི“འབྱོར་འབྲིང་སྡོད་ཁང”ནང་སྤོས་ཡོད། 2018ལོར་ཤང་ཡོངས་ཀྱི་དཔལ་འབྱོར་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་684.45ཟིན་པ་དང་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་ཁྲི་1.81ཟིན་ཡོད།

    དམིགས་བསལ་གྱི་མཐའ་མཚམས་ཤང་ཞིག་ཡིན་པའི་ལ་རྒྱབ་གྲོང་ཚོའི་གྲོང་མིས་སྔ་བར་ཕྱི་གསུམ་དུ་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ལྡན་པའི་ཉི་འོད་འོག་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད། ཁོང་ཚོས་ཏང་གི་བཀའ་དྲིན་འོག་ང་ཚོ་ཕྱུག་པོར་གྱུར་བས་ང་ཚོས་རྒྱལ་ཁབ་ཀྱི་ཆེད་དུ་མཐའ་མཚམས་ཡག་པོ་སྲུང་དགོས་ངེས་རེད་ཅེས་བརྗོད་བྱུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།