[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་གནས་ཚུལ་རྒྱུན་མཐུད་ལེགས་སུ་ཕྱིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-19

    འདི་ལོ་ཚུན། རང་ལྗོངས་ཀྱིས་སྔ་བར་ཕྱི་གསུམ་དུ་མཐོ་སློབ་སློབ་ཐོན་སློབ་མ་སྲིད་གཞུང་དུ་ལས་ཞུགས་དང་ཁྲོམ་རར་ལས་ཞུགས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་། དམིགས་བསལ་སྲིད་ཇུས་བཟོ་བ། དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་པས་ཁྲོམ་རའི་གཙོ་ཁྲིད་ལས་ཞུགས་ཀྱི་འདུ་ཤེས་རིམ་བཞིན་ཟབ་ཏུ་ཕྱིན་པ་དང་། མཐོ་སློབ་སློབ་ཐོན་སློབ་མ་ཁེ་ལས་སུ་ལས་ཞུགས་དང་། གཞུང་ཞབས་ལས་གནས་སུ་ལས་ཞུགས། ལྗོངས་ཕྱི་རོལ་དུ་ལས་ཞུགས། གཞི་རིམ་དུ་ལས་ཞུགས། རང་བརྟེན་ལས་གཏོད་བཅས་ཀྱི“ཕྱོགས་མང་གཞི་གཅིག”གི་ལས་ཞུགས་རྣམ་པ་རིམ་བཞིན་ཆགས་ནས་ལས་ཞུགས་དུས་བབ་བརྟན་ཐོག་ལེགས་སུ་ཕྱིན་ཡོད། 

    སློབ་གསོ་སྡེ་ཚན་གྱིས་བསྡོམས་རྩིས་བྱས་པར་གཞིགས་ན། ཟླ་6པའི་ཟླ་མཇུག་བར། ལྗོངས་ཡོངས་ཀྱི་ལོ་འདི་གའི་སློབ་ཐོན་སློབ་མ་23616ནང་མི་གྲངས་8308ལས་ཞུགས(བོད་ལྗོངས་སུ་ཉེན་རྟོག་ཆེད་ལས་ཀྱི་མི་གྲངས་མི་ཚུད་པ)ཐུབ་ནས་ལས་ཞུགས་རགས་ཙམ་ཐུབ་ཚད་41.21%ཟིན་པ་དང་། དེའི་ནང་ཁྲོམ་རར་ལས་ཞུགས་ཐུབ་ཚད་ཀྱིས་ལས་ཞུགས་ཐུབ་པའི་མི་གྲངས་ཀྱི་78.12%བཟུང་ཡོད་པ་རེད། 

    མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་གནད་དོན་དེ་ཁྱིམ་ཚང་དང་སྤྱི་ཚོགས་དང་འབྲེལ་བ་ཡོད་ལ། ཤུགས་རྐྱེན་ཐེབས་རྒྱ་དང་ཐེབས་ཤུགས་ཆེན་པོ་ཡོད། མཐའ་མཚམས་གྲངས་ཉུང་མི་རིགས་ས་ཁུལ་ཞིག་ཡིན་པའི་ཆ་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་དུད་ཚང་ཁྲི་སྟོང་མང་པོའི་བདེ་སྐྱིད་དང་འབྲེལ་བ་ཡོད་ལ། མི་རིགས་མཐུན་སྒྲིལ་དང་། འཕེལ་རྒྱས་བརྟན་ལྷིང་། མཐའ་མཚམས་སྲ་བརྟན་བཅས་དང་དེ་བས་འབྲེལ་བ་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔ་བར་ཕྱི་གསུམ་དུ་མཐོ་སློབ་སློབ་ཐོན་སློབ་མར་ལས་ཞུགས་ཐུབ་རྒྱུ་དེ་དམངས་འཚོའི་འདུ་འགོད་དང་། དམངས་སེམས་འདུ་འགོད། རྨང་གཞིའི་འདུ་འགོད་བཅས་གལ་ཆེན་ཞིག་ཏུ་བརྩིས་ནས་བཀོད་སྒྲིག་བྱས་ཡོད་པ་རེད། 

    ལས་གནས་མང་པོ་གཏོད་རྒྱུ་ནི་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དུས་བབ་རྒྱུན་མཐུད་བརྟན་ཐོག་ལེགས་སུ་ཕྱིན་པའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་ཞིང་། རིམ་པ་ཁག་དང་སྡེ་ཚན་ཁག་དང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཁེ་ལས་བཅས་དང་མཐུན་སྦྱོར་ཧུར་ཐག་བྱས་པ་བརྒྱུད། རང་ལྗོངས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གནས་ཁྱོན་ཁྲི་6ལྷག་ཙམ་འཚོལ་བསྡུ་ཐུབ་པ་དང་ལས་བསྡུའི་འདུ་ཚོགས་ཐེངས་183གཉེར་ཡོད་པ་རེད། 

    ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར། རང་ལྗོངས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལམ་ལུགས་དང་སྲིད་ཇུས་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། ལས་བསྡུའི་འདུ་ཚོགས་སྣ་ཚོགས་ཡག་པོ་གཉེར་བ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་ཁག་དོན་འཁྱོལ་ཏན་ཏིག་ཐུབ་པར་སྐུལ་འདེད་གཏོང་བ། ལས་གནས་གསར་སྤེལ་ལ་སྐུལ་འདེད་གཏོང་བ། ལས་ཞུགས་སྤེལ་རེས་བགྲོ་གླེང་ཚོགས་འདུ་ཡག་པོ་འཚོག་པ་བཅས་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་གནས་ཚུལ་སྔར་བས་ལེགས་སུ་ཕྱིན་པར་སྐུལ་འདེད་གཏོང་རྒྱུ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།