[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཆབ་མདོའི“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-19

    ཉེ་ཆར་གསར་འགོད་པར་ཆབ་མདོ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ད་ཕན་ལོ་ཤས་རིང་ཆབ་མདོ་གྲོང་ཁྱེར་གྱིས“སྲིད་གཞུང་གི་འགན་ནུས་གཏིང་ཟབ་འགྱུར་བར་སྐུལ་འདེད་བཏང་ནས་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་དང་སྲིད་གཞུང་གི་འགན་ནུས་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་པའི”དམིགས་ཚད་ལ་དམ་པོར་དམིགས་ནས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། གློད་སྡོམ་ཟུང་འབྲེལ། ཞབས་ཞུ་ལེགས་གཏོང་བཅས་ཀྱི་ཐད་འབད་བརྩོན་བྱེད་པ་དང་བྱེད་ཐབས་དངོས་སྤྱོད་རྒྱུ་མཐའ་འཁྱོངས་ཀྱིས“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་ཧུར་ཐག་བཏང་བ་རེད། 

    ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ལ་དམ་འཛིན་ཏན་ཏིག་བྱས་ཤིང་། དབང་འགན་གསལ་ཐོའི་འགུལ་རྣམ་ལེགས་སྒྲིག་ལས་དོན་ཡག་པོ་སྒྲུབ་པ་དང་ཚན་རིག་དང་མཐུན་པའི་རིགས་པས་ཁུངས་སྐྱེལ་དང་དུས་ཐོག་ཏུ་སྲིད་འཛིན་གྱི་འགན་དབང་ལེགས་སྒྲིག་བྱས་ཏེ་དབང་འགན་གསལ་ཐོའི་བསྒམ་ནན་རང་བཞིན་དང་། དབང་གྲགས་རང་བཞིན། ནུས་ལྡན་རང་བཞིན་བཅས་འགན་ལེན་ནུས་ལྡན་བྱས་པ་དང་། “མཐའ་གཅིག་ཏུ་སྒྲུབ་ཐུབ་པའི”སྒྱུར་བཅོས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ཤང་དང་གྲོང་རྡལ་གྱི་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་གཏོང་། སྤྱི་པའི་ཞབས་ཞུ་སོགས་སྲིད་འཛིན་འགན་དབང“གཤམ་སྤྲོད་མཐར་ཕྱིན་པ”བྱས་པ་རེད། 

    གསར་གཏོད་ཀྱི་ལྟ་འདོམས་མངོན་གསལ་དོད་པོ་ཡོང་བ་བྱས་ཤིང་། ལོ་འཁོར་མོར“སྟབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལྟ་འདོམས་མ་ལག་བརྒྱུད་ཆེད་དོན་ཞིབ་བཤེར་བྱས་པར་གཞི་རྩའི་ཆ་ནས་ཡོངས་ཁྱབ་མངོན་འགྱུར་ཐུབ་སྟེ་ལས་གྲྭ་འཛུགས་སྐྲུན་བྱེད་རིང་བཀག་སྡོམ་རྣམ་པའི་ལྟ་སྐུལ་དོ་དམ་དངོས་སུ་མངོན་འགྱུར་བྱུང་བ་དང་། ཆད་གཅོད་རང་བཞིན་གྱི་སྐྱིན་གསབ་དང་ཁ་དན་ཚིག་ལ་མ་གནས་པའི་མཉམ་འབྲེལ་ཆད་གཅོད་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་དངུལ་རྩའི་ཁྲལ་དོན་སྡེ་ཚན་གྱི་ཡིད་རྟོན་དོ་དམ་མ་ལག་འཛུགས་པ་དང་དངུལ་བུན་ཁྲལ་བསྡུའི་ཁྲིམས་འགལ་བྱེད་སྤྱོད་ཀྱི“ཐོ་གཞུང་ནག་པོའི”ལམ་ལུགས་ལག་བསྟར་ནན་པོ་བྱས་ཐོག ཁེ་ལས་ཀྱི་ཁ་དན་ཚིག་ལ་མི་གནས་པ་དང་ཁྲིམས་འགལ་གྱི་མ་གནས་མཐོ་རུ་བཏང་བ་རེད། 

    ཞབས་ཞུའི་འདུ་ཤེས་ཟབ་ཏུ་བཏང་ཞིང་། “ལག་ཁྱེར་ཉུང་གཏོང་དང་དམངས་ཕན”བྱ་སྤྱོད་རྒྱུན་མཐུད་སྤེལ་ནས་རང་བྱུང་མི་དང་ཁྲིམས་མི། དེ་བཞིན་རྩ་འཛུགས་གཞན་དག་གིས་སྲིད་འཛིན་ལས་ཁུངས་སམ་ཡང་ན་འབྲེལ་ཡོད་ལས་ཁུངས་ལ་སྲིད་འཛིན་འཁྲོལ་འཛིན་དང་། སྲིད་འཛིན་ཁས་ལེན། སྲིད་འཛིན་གཏོང་སྤྲོད་སོགས་ལས་དོན་རེ་ཞུ་བྱེད་པའི་དཔང་རྟགས་ཁག་དང་ཐམ་ག་རྒྱག་པའི་ལྷུ་ཚིགས་ཕྱོགས་ཡོངས་ནས་གཙང་སེལ་བྱས་ཏེ་རིམ་པ་བཞིན་འགག་སྒོ་དམ་བཟུང་དང་རིམ་པ་བཞིན་ཞིབ་མཆན་འགོད་པའི་ལྷུ་ཚིགས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྟབས་བདེར་བཏང་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།