[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཉིང་ཁྲིར་རུས་ཚིགས་ཀྱི་བདེ་ཐང་སླར་གསོའི་སྤྱི་ཕན་རྣམ་གྲངས་ལག་བསྟར་བྱེད་འགོ་བཙུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-18

    ཚེས་15ཉིན། “ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་རུས་ཚིགས་ཀྱི་བདེ་ཐང་སླར་གསོའི་སྤྱི་ཕན་རྣམ་གྲངས”དང“དགེ་སྒྲུབ་དབུལ་སྐྱོར་བདེ་ཐང་བྱ་སྤྱོད”ཀྱི་རྣམ་གྲངས་ཀྱི་འགོ་འཛུགས་མཛད་སྒོ་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་དུ་གཉེར་བ་དང་། ཀྲུང་གོ་དབང་པོ་སྐྱོན་ཅན་ཕན་བདེ་ཐེབས་རྩ་ལྷན་ཚོགས་དང་། ཀྲུང་གོ་རུས་ནད་ཚན་ཁག་གི་སྨན་པ་དཀའ་བཅུ་པའི་མཐུན་ཚོགས། ཉིང་ཁྲི་གྲོང་ཁྱེར་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས། ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་གི་འབྲེལ་ཡོད་རིགས་གཅིག་མཁས་ཅན་ཚོགས་ཆུང་། གཅེས་སེམས་ཁེ་ལས་ཀྱི་འཐུས་མི། རོགས་སྐྱོར་ཐོབ་པའི་དབང་པོ་སྐྱོན་ཅན། ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་དོན་མི་སྣ་སོགས་མི་200ལྷག་ཙམ་འགོ་འཛུགས་མཛད་སྒོར་ཞུགས་པ་རེད།

    འགོ་འཛུགས་མཛད་སྒོའི་རྗེས་རིགས་གཅིག་མཁས་ཅན་ཚོགས་ཆུང་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་རུས་ནད་ཚན་ཁག་དང་བདེ་ཐང་སླར་གསོ་ཚན་ཁག་ཏུ་བསྐྱོད་དེ་ལས་སྒོའི་ནད་ཁང་བཤེར་བ་དང་གཞི་རིམ་སྨན་པར་སློབ་ཚན་ཁྲིད་པ་དང་འབྲེལ་རུས་ཚིགས་ནད་པ་དབུལ་པོ་15ལ་པུས་མོ་དང་དཔྱི་ཚིགས་ཀྱི་གཤགས་བཅོས་བྱས་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།