[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ངག་དབང་ཆོས་ཉིད། ང་ཚོའི་ཉེ་འགྲམ་གྱི“ཁུང་ཧྥན་སེན”

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-17

    ཆུང་བྱིས་པའི་དུས་ནས་ཁུང་ཧྥན་སེན་གྱི་མིང་དེ་ཐོས་མྱོང་ཡོད། མིང་དེ་སྔ་ས་ནས་ཀྲུང་ཧྭའི་ས་གཞི་ཡོངས་ལ་ཁྱབ་ནས་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་མིག་དཔེར་གྱུར་ཡོད། 

    དེ་སྔ་ཁུང་ཧྥན་སེན་དང་མཉམ་དུ་ལས་ཀ་བྱེད་མྱོང་བའི་ངག་དབང་ཆོས་ཉིད་ཀྱིས་དམ་བཅའ་བརྟན་སྲུང་གིས་ཁུང་ཧྥན་སེན་གྱི་ཕུགས་བསམ་དང་དད་སེམས་རྒྱུན་འཛིན་བྱས་པ་དང་ཁུང་ཧྥན་སེན་གྱི་སྙིང་སྟོབས་དང་སྤྱོད་ཚུལ་དར་སྤེལ་བཏང་སྟེ་གངས་ལྗོངས་ཀྱི་མཐའ་མཚམས་སུ་གཞི་ཚུགས་ནས་སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་བ་དང་དཀའ་སྤྱད་འབད་འཐབ་བྱས་ཏེ་ཚེ་སྲོག་ལ་བརྟེན་ནས་ལྷག་བསམ་ཟོལ་མེད་ཀྱི་སྙིང་སྟོབས་མཚོན་པར་བྱས་ཡོད། ཁོང་ནི་ང་ཚོའི་ཉེ་འགྲམ་གྱི་དུས་རབས་གསར་པའི“ཁུང་ཧྥན་སེན”རེད་ཅེས་ཤོད་ཆོག

    ད་ཆ་ཀྲུང་གོ་འདི་ཉིད་ཉིན་རེ་ལས་མ་འདས་པར་འགྱུར་ལྡོག་འགྲོ་བཞིན་ཡོད་པ་དང་ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་དང་བསྡུར་ཀྱང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་ཚད་མངོན་འགྱུར་བྱེད་པ་དང་ཐག་ཉེ་བ་ཡོད། ང་ཚོའི་དམིགས་ཚད་མངོན་འགྱུར་བྱེད་པར་ཁུང་ཧྥན་སེན་དང་ངག་དབང་ཆོས་ཉིད་དང་འདྲ་བའི་ཕུལ་བྱུང་གི་གུང་ཁྲན་ཏང་ཡོན་དེ་བས་མང་བ་དགོས་ཀྱི་ཡོད། 

    ངག་དབང་ཆོས་ཉིད་ལ་སློབ་སྦྱོང་བྱེད་པར་ཁོང་གི་དཀའ་སྤྱད་འབད་འཐབ་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་བླ་ན་མེད་པའི་ཀུན་སྤྱོད་ལ་སློབ་སྦྱོང་བྱེད་དགོས། གམ་པ་ནི་བོད་ཀྱི་དཀའ་སྡུག་ཆེ་ཤོས་ཀྱི་རྫོང་གི་གྲས་ཤིག་ཡིན་ཞིང་། སློབ་ཆེན་ཐོན་རྗེས་ངག་དབང་ཆོས་ཉིད་ལ་གམ་པ་ནས་ཁ་བྲལ་བའི་གོ་སྐབས་རག་མོད། འོན་ཀྱང་ཁོང་གིས་དཀའ་ངལ་ལ་མི་སྐྲག་པར་ལོ་བཅུ་ཕྲག་མང་པོ་ཉིན་གཅིག་ལྟར་གམ་པར་ལས་གནས་བརྟན་སྲུང་བྱེད་པ་ལས་དེ་ནས་ཁ་བྲལ་བའི་བསམ་བློ་རྩ་བ་ནས་འཁོར་མྱོང་མེད། ཁོང་གིས་ཤི་ནའང་གམ་པར་ཤི་བའི་སྤོབས་ཉམས་ལྡན་པའི་དམ་བཅའ་བཞག་མྱོང་ཡོད། ཁོང་གིས་རང་ཉིད་དང་ཁྱིམ་མིར་རེ་བ་ཧ་ཅང་ནན་པོ་བཏོན་གྱི་ཡོད་མོད་འོན་ཀྱང་མི་དམངས་ལ་དགའ་ཞེན་བྱེད་ཅིང་། མང་ཚོགས་ཀྱི་དཀའ་སྡུག་རང་ཉིད་ཀྱི་དཀའ་སྡུག་ལ་བརྩི་བ་དང་། མང་ཚོགས་ཀྱི་བདེ་སྐྱིད་རང་ཉིད་ཀྱི་བདེ་སྐྱིད་ལ་བརྩི་བ། རང་ཉིད་ཀྱིས་ཟ་མི་ཕོད་པ་དང་བེད་སྤྱོད་གཏོང་མི་ཕོད་པར་དངུལ་མང་ཆེ་བ་མི་གཞན་ལ་རོགས་རམ་བྱེད་པའི་ཐད་བཏང་བ་དང་ཁོང་གིས་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་སྙིང་སྟོབས་མཚོན་པར་བྱས་ཡོད། 

    ངག་དབང་ཆོས་ཉིད་ལ་སློབ་སྦྱོང་བྱེད་པར་ཁོང་གི་ཏང་ལ་ལྷག་བསམ་ཟོལ་མེད་དང་འགན་འཁྲི་ཁུར་ཕོད་པ་དང་བྱས་རྗེས་འཇོག་ཕོད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་ལ་སློབ་སྦྱོང་བྱེད་དགོས། བོད་རྙིང་པའི་ལུག་རྫི་ཆུང་ཆུང་ཞིག་ནས་བོད་གསར་པའི་ཏང་གི་ལས་བྱེད་པའི་བར་ངག་དབང་ཆོས་ཉིད་ཀྱིས་རྩ་བ་གཏན་ནས་མི་བརྗེད་པར་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་གནང་བ་ཞིག་ཡིན་པ་གསལ་པོ་ཤེས་ཀྱི་ཡོད། 

    ངག་དབང་ཆོས་ཉིད་ལ་སློབ་སྦྱོང་བྱེད་པར་ཁོང་གི་ཐོག་མའི་བསམ་འདུན་མ་བརྗེད་པ་དང་ལས་བཀུར་ལས་གཅེས་ཀྱི་སྤྱོད་ཚུལ་བཟང་པོར་སློབ་སྦྱོང་བྱེད་དགོས། རྒན་ཡོལ་ཞུས་ཀྱང་སྙིང་སྟོབས་མི་ཉམས་པ་དང་ལས་གནས་ལས་ཁ་མི་བྲལ་ཅིང་། གཞི་རིམ་ལས་བྱེད་པ་ཞིག་ཡིན་པའི་ངག་དབང་ཆོས་ཉིད་ཀྱིས་སྔ་ཕྱི་བར་གསུམ་དུ་དཀའ་སྤྱད་བརྩོན་ཞིབ་དང་། ལས་གནས་ལ་ལྷག་བསམ་ཟོལ་མེད། ལས་བཀུར་ལས་གཅེས། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་བཅས་བྱས་ཏེ་སྲིད་གཞུང་ལས་ཁུངས་ནས་སློབ་གྲྭའི་བར་དང་། གྲོང་ཁྱེར་སྡེ་ཁུལ་ནས་ཤང་གྲོང་དང་གྲོང་གསེབ་བར། སློབ་ཆུང་ནས་སློབ་འབྲིང་བར། ཞིང་ནང་ནས་རི་མཐོའི་འབྲོག་རའི་བར། ཁྱིམ་ཚང་གི་སྒོ་ར་ནས་དགོན་སྡེའི་གྲྭ་ཤག་བར་བཅས་གང་ཞིག་ཏུ་དགོས་མཁོ་ཡོད་ཀྱང་དེར་ཁོང་གི་བྲེལ་བརྩོན་ཆེ་བའི་གཟུགས་བརྙན་མཐོང་རྒྱུ་ཡོད། ལོ་40ལྷག་ཙམ་རིང་ཁོང་གིས་གམ་པ་རྫོང་གི་འཛུགས་སྐྲུན་ཐད་ཐབས་འདོན་ཇུས་འདོན་མང་པོ་བྱས་ཏེ་གམ་པའི་འཕེལ་རྒྱས་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། རང་ཉིད་ཀྱི་ཚེ་གང་གི་དུས་ཚོད་སྤྱད་ནས་ལང་ཚོའི་སྐབས་ཀྱི་ཁས་ལེན་སྒྲུབ་པ་དང་བླ་ན་མེད་པའི་སྤྱོད་ཚུལ་ལ་མི་རིཌ་ཁག་གི་ལས་བྱེད་པ་དང་མང་ཚོཌ་ཀྱི་སྙིང་དབུས་ཀྱི་བརྩི་འཇོག་དང་གུས་བཀུར་ཐོབ་ཡོད། 

    ཐོག་མའི་བསམ་འདུན་མ་བརྗེད་ཚེ་གཞི་ནས་ལོ་རྒྱུས་དང་མེས་པོར་ངོ་གནོང་མི་དགོས་པ་ཞིག་བྱེད་ཐུབ་པ་དང་། དམངས་སེམས་ཐོབ་པ་དང་དུས་རབས་ཀྱི་ཁས་ལེན་ཐོབ་པ། བྱེད་མཁས་ལ་རྗེས་ཐོན་པ་དང་ཞུམ་མེད་མདུན་སྐྱོད་བྱེད་ཐུབ། ང་ཚོས་བློ་མཐུན་ངག་དབང་ཆོས་ཉིད་མིག་དཔེར་འཛིན་ཏེ་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ལྟ་བ་དང་། མི་ཚེའི་ལྟ་བ། འཇིག་རྟེན་གྱི་ལྟ་བ་བཅས་འཛུགས་པ་དང་གསར་འབྱེད་ཡར་བརྩོན་དང་འགན་འཁྲི་ཁུར་ཕོད་པ་བྱས་ཐོག་ལོ་རྒྱུས་དང་མི་དམངས་ལ་འགན་ཁུར་ནས་ཀུན་སེམས་གཅིག་སྒྲིལ་གྱིས་དུས་རབས་གསར་པར་འབད་འཐབ་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།