[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • 《གུང་ཁྲན་ཏང་ཕེབས་ནས་སྡུག་བསྔལ་བདེ་ལ་འཁོད》པའི་ལྗོངས་ཡོངས་ཀྱི་སྐོར་འཁྲབ་བདེ་བླག་ངང་མཇུག་འགྲིལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-17

    ཉེ་ཆར། རང་སྐྱོང་ལྗོངས་ཀྱི《གུང་ཁྲན་ཏང་ཕེབས་ནས་སྡུག་བསྔལ་བདེ་ལ་འཁོད》པའི་བརྗོད་དོན་གཙོ་བོའི་སྐོར་སྐྱོད་འཁྲབ་སྟོན་ཚོགས་པས་མངའ་རིས་ས་ཁུལ་དུ་འཁྲབ་སྟོན་ལེགས་གྲུབ་ཟིན་པ་ལས། བརྗོད་དོན་གཙོ་བོ་དེའི་ལྗོངས་ཡོངས་ཀྱི་སྐོར་འཁྲབ་བདེ་བླག་ངང་མཇུག་འགྲིལ་བ་མཚོན་གྱི་ཡོད། འཁྲབ་སྟོན་ལས་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་བསམ་པའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་པ་དང་ཚང་མའི་ཏང་གི་རྗེས་སུ་འབྲང་བའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་ཕྱིན་ཡོད་པ་རེད།

    ཟླ་3ཚེས་28ཉིན་གྱི་དགོང་མོ། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་བརྗོད་དོན་གཙོ་བོའི་གླུ་གར་མཚན་ཚོཌ“གུང་ཁྲན་ཏང་ཕེབས་པས་སྡུག་བསྔལ་བདེ་ལ་འཁོད”ལྷ་སར་འཚོཌ་ཤིང་། དེ་རྗེས་སྐོར་འཁྲབ་ཚོགས་པ་དང་བཅས་པ་ལྷོ་ཁ་དང་། ཉིང་ཁྲི། ནག་ཆུ་སོགས་གྲོང་ཁྱེར(ས་ཁུལ)6ཏུ་བསྐྱོད་དེ་སྐོར་སྐྱོད་འཁྲབ་སྟོན་བྱས་པས་མང་ཚོགས་ཀྱི་ཁྲོད་དུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།