[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཀྲུང་གོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོཌ་ཀྱི་བརྟག་ཞིབ་ཚོགས་ཆུང་དང་བཞུགས་མོལ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-12

    ཉིན་ཤས་གོང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཀྲུང་གོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཁོངས་མི་དང་། ཀྲུའུ་ཞི་གཞོན་པ། ལས་འཛིན་དཔོན་གཞོན་པ་ཁྲེང་ཁའེ་ཡིས་རུ་སྣེ་འཁྲིད་པའི་ཀྲུང་གོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི“གཞི་རིམ་དུ་སྐྱོད་པ་དང་། སྤྱོད་ཚུལ་སྒྱུར་བ། ལས་དོན་ལེགས་བཅོས”ཀྱི་བརྟག་ཞིབ་ཚོགས་ཆུང་དང་བཞུགས་མོལ་བྱས་པ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་ཀྱིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཀྲུང་གོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བཀོད་སྒྲིག་གཞིར་བཟུང་། ཀྲུང་གོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་བོད་སྐྱོད་བརྟག་ཞིབ་ཚོགས་ཆུང་དང་བཅས་པས་རང་ལྗོངས་ཀྱི་ལྷ་ས་དང་། ཆབ་མདོ། ཉིང་ཁྲི་སོགས་གྲོང་ཁྱེར་གྱི་གཞི་རིམ་གྱི་འཐབ་ས་དང་པོར་བཅར་འདྲི་བྱས་ནས་ཤིན་ཏུ་དབུལ་བའི་ས་ཁུལ་དང་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་དབུལ་སྒྲོལ་འགག་སྒྲོལ་གྱི་འཕེལ་རྒྱས་གནས་ཚུལ་ཁོང་དུ་ཆུད་པར་བྱས་ཏེ་ས་གནས་དེ་གའི་དབང་པོ་སྐྱོན་ཅན་ལས་དོན་གྱི་དོན་དངོས་ཀྱི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱེད་རོགས་བྱས་པ་རེད། བརྟག་ཞིབ་ཚོགས་ཆུང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དབང་པོ་སྐྱོན་ཅན་གྱི་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་སྤྱི་འདོམས་སུ་བྱེད་པ་དང་དབང་པོ་སྐྱོན་ཅན་གྱི་ལས་དོན་ལ་སྤྱི་འདོམས་འཆར་འགོད་དང་སྐུལ་འདེད་བཏང་བས་དབང་པོ་སྐྱོན་ཅན་གྱི་འཚོ་བ་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ལ་འཕེལ་རྒྱས་མྱུར་པོ་བྱུང་ལུགས་བསྟན་པ་རེད།

    ནོར་བུ་དོན་གྲུབ་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཀྲུང་གོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་ཡུན་རིང་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཡང་དག་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་དབང་པོ་སྐྱོན་ཅན་གྱི་ལས་དོན་ཡག་པོ་སྒྲུབ་པ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་དོན་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་བྱས་ཏེ་དབང་པོ་སྐྱོན་ཅན་དྲག་སྐྱེད་དང་། སྨན་བཅོས། སློབ་གསོ། ལས་ཞུགས། དབུལ་སྒྲོལ། ཁེ་དབང་འགན་སྲུང་སོགས་ཀྱི་གཙོ་གནད་ལས་དོན་ལ་གཙོ་གནད་ཤུགས་བརྒྱབ་ཡོད། གོམ་སྟབས་རྗེས་མར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས། གནད་སྨིན་མཐིལ་རྟོགས་དང་གནད་སྨིན་ཐབས་ཇུས་ལག་བསྟར་མཐའ་འཁྱོངས་བཅས་བྱས་ཏེ་དབང་པོ་སྐྱོན་ཅན་དྲག་སྐྱེད་ཀྱི་ཞབས་འདེགས་དང་། གཞི་རྩའི་སྤྱི་པའི་ཞབས་འདེགས། སྤྱི་ཚོགས་འགན་ལེན་གྱི་ཆུ་ཚད་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། དབང་པོ་སྐྱོན་ཅན་གྱི་རྩལ་ནུས་གསོ་སྦྱོང་དང་ལས་གཏོད་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དབང་པོ་སྐྱོན་ཅན་ལ་ཕན་པའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ། ནུས་ཤུགས་ཡོད་རྒུས་དབང་པོ་སྐྱོན་ཅན་ལས་དོན་གྱི་ཞན་ཆ་གསབ་པ། སྤྱི་ཚོགས་ཧྲིལ་པོའི་སྟོབས་ཤུགས་སྐོང་འཐེན་གྱིས་དབང་པོ་སྐྱོན་ཅན་ལ་རོགས་རམ་བཅས་བྱས་ཏེ་རྒྱ་ཆེའི་དབང་པོ་སྐྱོན་ཅན་ཚོ་འཚོ་བ་སྔར་བས་འབྱོར་ཕྱུག་དང་ལ་རྒྱ་ལྡན་པར་བྱས་ཏེ། ལྗོངས་ཡོངས་ཀྱི་མི་དམངས་དང་མཉམ་དུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་དུ་སྤྱོད་ཐུབ་པར་བྱེད་རྒྱུ་ཡིན་ལུགས་བསྟན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།