[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • 《བོད་དང་མཚོ་སྔོན་གྱི་ཡུལ་སྐོར་ཐོན་ལས་གོང་འཕེལ་ལ་མཉམ་དུ་སྐུལ་མ་གཏོང་རྒྱུའི་སྐོར་གྱི་མཉམ་ལས་གྲོས་མཐུན》བཞག་སྟེ།

    བོད་དང་མཚོ་སྔོན་གྱི་ཡུལ་སྐོར་ཐོན་ལས་ཀྱི་མཉམ་ལས་གཏིང་ཟབ་བྱེད་པའི་དུས་མཚམས་སུ་སླེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-20

     ཚེས་18ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་དང་མཉམ་དུ་མཚོ་སྔོན་གྱི་ཟི་ལིང་དུ《བོད་དང་མཚོ་སྔོན་གྱི་ཡུལ་སྐོར་ཐོན་ལས་གོང་འཕེལ་ལ་མཉམ་དུ་སྐུལ་མ་གཏོང་རྒྱུའི་སྐོར་གྱི་མཉམ་ལས་གྲོས་མཐུན》བཞག་ཅིང་། དེ་ལས་བོད་ལྗོངས་དང་མཚོ་སྔོན་གྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་གྱི་ཡོད།

    གྲོས་མཐུན་ནང་མཉམ་ལས་ལམ་སྲོལ་འཛུགས་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་ལས་བརྒལ་བའི་ཡུལ་སྐོར་གྱི་སྤྱི་པའི་ཞབས་འདེགས་མ་ལག་འཛུགས་པ། ཞིང་ཆེན་དང་རང་སྐྱོང་ལྗོངས་ལས་བརྒལ་བའི་ཡུལ་སྐོར་ཐོན་ཟོག་དང་རྣམ་གྲངས་མཉམ་དུ་གསར་སྤེལ། ཞིང་ཆེན་དང་རང་སྐྱོང་ལྗོངས་ལས་བརྒལ་བའི་ཡུལ་སྐོར་སྤུས་རྟགས་དང་གཟུགས་བརྙན་མཉམ་དུ་གཉེར་སྐྱོང་། ཡུལ་སྐོར་ཁྲོམ་རའི་ལྟ་འདོམས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་ཕྱོགས་ལྔའི་ནང་དོན་ཚུད་ཡོད་པ་རེད།

    རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་དང་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས“མཚོ་སྔོན་དང་བོད་ཀྱི་ཡུལ་སྐོར་ལས་དོན་གྲོས་མོལ་ཨུ་ཡོན་ལྷན་ཁང”མཉམ་དུ་བཙུགས་ཏེ་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་དོན་གནད་གལ་ཆེན་ལ་ཞིབ་འཇུག་བྱེད་པ་དང་། “མཚོ་བོད་མཁའ་ལམ་གྱི་ཡུལ་སྲོལ་མྱོང་རོལ་ལམ་ཐིག”གི་རྫོགས་ལྡན་ཡུལ་སྐོར་ཁུལ་དང་ཐང་བོད་གནའ་ལམ་གྱི་འཁོར་གཏོང་ཡུལ་སྐོར་གྱི་ལམ་ཐིག་རྩེ་གྲ་མཉམ་དུ་གཏོད་པ། ཐང་བོད་གནའ་ལམ་དང་མཚོ་བོད“ལམ་གཉིས”ལམ་རྒྱུད་ཡུལ་སྐོར་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ཡུལ་སྐོར་གྱི་སྣེ་ལེན་འཇོན་ཐང་དང་ཞབས་འདེགས་ཆུ་ཚད་མཐོ་རུ་གཏོང་བ། ཡུལ་སྐོར་ཆ་འཕྲིན་ཅན་དང་རིག་ལྡན་ཡུལ་སྐོར་འཛུགས་སྐྲུན་ལ་མཉམ་དུ་མཐུན་སྦྱོར་སྐུལ་སྤེལ་བཏང་ནས་གྲངས་གཞི་མཉམ་སྤྱོད་མངོན་འགྱུར་དང་གྲངས་འཛིན་རིག་གནས་ཡུལ་སྐོར་སྤེལ་རེས་ཀྱི་མཉམ་ལས་ལ་སྐུལ་མ་གཏོང་བ། ཐང་བོད་གནའ་ལམ་དང་མཚོ་བོད“ལམ་གཉིས”ལམ་རྒྱུད་ཀྱི་བགྲོད་ལམ་བདེ་འཇགས་རོགས་སྐྱོབ་དང་སྨན་བཅོས་མྱུར་སྐྱོབ་སོགས་སྤྱི་པའི་ཞབས་འདེགས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཡུལ་སྐོར་མཉམ་འབྲེལ་རོགས་སྐྱོབ་མ་ལག་བཟོས་ཏེ་ཡུལ་སྐོར་འཕྲལ་སྡོམ་གྱི་རོགས་སྐྱོབ་འཇོན་ཐང་ཆེ་རུ་གཏོང་བ། ཡུལ་སྐོར་བདེ་འཇགས་ལས་འཛོལ་ཆེན་པོ་འཕྲལ་སྡོམ་ཐག་གཅོད་ཀྱི་མཉམ་ལས་ལམ་སྲོལ་བཟོས་ཏེ་འབྲེལ་ཡོད་ཀྱི་ཛ་དྲག་དོན་རྐྱེན་ཐག་གཅོད་ཀྱི་སྔོན་ཇུས་བཟོ་བ་བཅས་བྱ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།