[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • གཞིས་རྩེ་གྲོང་ཁྱེར་གྱི་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུའི་ཚོམས་ཆེན་ལས་གཉེར་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-17

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གྱི་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུའི་ཚོམས་ཆེན་ལས་གཉེར་བྱེད་འགོ་ཚུགས་པ་རེད། མིག་སྔར། ཚོམས་ཆེན་ནང་ཚན་པ་43ཡོད་པ་དང་ཞབས་ཞུའི་སྐར་ཁུང་94ཡོད་པས་ལས་སྒོ་ཁག་485གཉེར་ཆོག་པས་སྤྱིར་ན“སྒོ་གཅིག་ནང་འཛུལ་ན་དོན་དག་ཚང་མ་སྒྲུབ”ཐུབ་ཀྱི་ཡོད་པ་རེད།

    གཞིས་རྩེ་གྲོང་ཁྱེར་གྱི་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུའི་ཚོམས་ཆེན་གྱིས་སྐར་ཁུང་གཅིག་སྒྲིལ་གྱི་བསམ་བློར་གཞིགས་ནས་གྲོང་ཁྱེར་ཡོངས་སུ་སྲིད་འཛིན་ཆོག་འཐུས་དང་འབྲེལ་ཡོད་སྲིད་འཛིན་ཞབས་ཞུའི་ལས་སྒོ་གཅིག་སྡུད་ཐོག་བསྒྲུབ་རྒྱུ་མངོན་འགྱུར་བྱུང་ཡོད། ཚོམས་ཆེན་དེར་བློ་འདྲི་ཁྲིད་སྟོན་ཁུལ་དང་། ཚབ་སྒྲུབ་ཁུལ། སྒུག་སྡོད་ཁུལ། རང་འདོད་ལས་སྒྲུབ་ཁུལ། རང་སར་ལས་སྒྲུབ་ཁུལ་བཅས་ཀྱི་ནུས་པ་ལྔ་ལྡན་གྱི་ཁུལ་ཡོད་པ་དང་། རིགས་དང་ཁག་དབྱེ་བའི་སྐར་ཁུང་དང་སྔོན་ཐོན་གློག་རྡུལ་ཅན་གྱི་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད་པས་ཚོམས་ཆེན་འཁོར་རྒྱུག་བདེ་བླག་ཐུབ་པ་མ་ཟད། ད་དུང་ཕན་འབྲས་ཆེ་ལ་སྟབས་བདེ་བའི་ཞབས་འདེགས་ཞུ་རྒྱུ་འགན་ལེན་བྱས་ཡོད། དེའི་ནང་ཚབ་སྒྲུབ་ཁུལ་གྱིས་ལས་གཉེར་མང་ཚོགས་ལ་གོ་རིམ་ཚང་མ་སྒྲུབ་རོགས་དང་བློ་འདྲི་མཛུབ་ཁྲིད་བྱེད་ཀྱི་ཡོད། དེ་དང་དུས་མཚུངས་ཁེ་ལས་ལ་ཐོ་འགོད་དང་མ་འཇོག་རྣམ་གྲངས་ཀྱི་ཞབས་ཞུའི་ལས་དོན་སྒྲུབ་རོགས་བྱས་ཏེ་ཁེ་ལས་མགྱོགས་ནས་མྱུར་དུ་འཛུགས་རྒྱུར་རམ་འདེགས་བྱེད་བཞིན་ཡོད།

    གཞིས་རྩེ་གྲོང་ཁྱེར་གྱི་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཏང་ཙུའི་ཁོངས་མི་དང་ཅུས་ཀྲང་གཞོན་པ་སྤེན་པ་བུ་ཆུང་གིས་རང་སྐྱོང་ལྗོངས་ཀྱི“མང་ཤོས་ལའང་ཐེངས་གཅིག་ལས་རྒྱུག་མི་དགོས”པའི་སྒྱུར་བཅོས་ཀྱི་བླང་བྱར་གཞིགས་ནས་གཞིས་རྩེ་གྲོང་ཁྱེར་གྱིས་འཛུགས་སྐྲུན་རྣམ་གྲངས་གོང་ཞུ་མཆན་འགོད་དང་། ཁེ་ལས་འཛུགས་གཉེར་ཐོ་བཀོད། གནད་སྨིན་རྣམ་པའི་དམངས་ཕན་གྱི“གཙོ་རྐང་གསུམ”ལ་དམིགས་ནས་ཞབས་ཞུའི་ཚོམས་ཆེན་དེ་ནི་འཛུགས་སྐྲུན་ཨར་སྐྲུན་རིགས་དང་། ཚོང་དོན་ཐོ་འགོད་རིགས། གཉེར་སྐྱོང་དོ་དམ་རིགས་བཅས་ཕྱོགས་བསྡུས་སྐར་ཁུང་གསུམ་ལས་གྲུབ་ཡོད་པ་སྟེ། “མདུན་ཕྱོགས་ལས་སྟེགས་སུ་ཕྱོགས་བསྡུས་བདག་སྤྲོད་དང་། རྒྱབ་ཕྱོགས་ལས་སྟེགས་སུ་རིགས་ཕྱེ་ནས་ཞིབ་མཆན་འགོད་པ། གཅིག་གྱུར་སྐར་ཁུང་ནས་ལག་འཁྱེར་སྤྲོད་པ”བཅས་ཀྱི་ཞབས་ཞུའི་རྣམ་པར་སྐུལ་འདེད་བཏང་བས་གཅིག་སྡུད་ཞིབ་མཆན་འགོད་བདེ་རུ་ཕྱིན་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།