[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོས་རང་ལྗོངས་ཀྱི་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་ནང་དོན་ཕུན་སུམ་ཚོགས་སུ་ཕྱིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-05

    ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སློབ་འབྲིང་གི་སློབ་ཁང་དུ་རྒན་ཡོལ་ཞུས་པའི་དགེ་རྒན་ལྷག་པས་འཆད་ཁྲིད་བྱེད་བཞིན་ཡོད། ཁོང་གིས“ཤེས་དཔལ་ལ་སྣང་ཆེན་དང་། འཚོ་བར་དགའ་ཞེན”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ། སློབ་མའི་ལྟ་སྟངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་འགྲེལ་བཤད་རྒྱག་པ་དང་སྦྲགས། ཕྲུ་གུ་ཚོར་སློབ་སྦྱོང་གང་འདྲ་བྱེད་དགོས་མིན་དང་འཚོ་བའི་ལག་ལེན་གང་འདྲ་བསྟར་དགོས་མིན་སྐོར་ཁྲིད་སྟོན་བྱེད་ཀྱི་ཡོད། ལོ་རིམ་མི་འདྲ་བ་ནས་སླེབས་པའི་སློབ་གྲོགས་50ལྷག་ཙམ་གྱིས་ནན་ཏན་ངང་འཆད་ཁྲིད་ཉན་ནས་ཟིན་བྲིས་བརྒྱབ་ཅིང་། ཆུ་ཚོད་གཅིག་གི་སྒྲོག་འགྲེལ་མཇུག་འགྲིལ་ནའང་ཚང་མའི་སློབ་སྦྱོང་བྱེད་པའི་སེམས་ཤུགས་ད་དུང་ཆག་མེད། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན། སློབ་གྲྭར་སྒྲོག་སྤེལ་སྤེལ་ལ། རྒྱ་ཆེའི་ན་གཞོན་ཚོའི་སེམས་སུའང་འཇགས་ནས་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་ནང་དོན་ཕུན་སུམ་ཚོགས་སུ་ཕྱིན་ཡོད།

    འདས་ཟིན་པའི་ལོ་གཅིག་ཁོ་ནར“མའོ་ཙེ་ཏུང་གི་དགོངས་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་རགས་བཤད”ཅེས་པ་སློབ་ཁྲིད་ཀྱི་གཙོ་གནད་དུ་བཟུང་བའི“དགེ་རྒན་གྲགས་ཅན་གྱི་དཔེ་སྟོན་སློབ་ཁང”26སྒྲིག་འཛུགས་བྱས་ནས་བཙུགས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་ཁང་དུ་ཁྱབ་པ་དང་། སློབ་གཞིར་ཁྱབ་པ། ཀླད་པར་འཇགས་པ། དྲ་བར་ཁྱབ་པ་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།