[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ལྗོངས་ཀྱིས་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ཏང་ཡོན་གྱི་ཆབ་སྲིད་སློབ་གསོའི་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-04

    ཟླ་6ཚེས་1ཉིན། ལྗོངས་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ཏང་ཀྲི་པུའི་ཧྲུའུ་ཅིའི་གསོ་སྦྱོང་འཛིན་གྲྭ་ཐེངས་བཅུ་དྲུག་པ་དང་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ཏང་ཡོན་གྱི་ཆབ་སྲིད་སློབ་གསོའི་གསོ་སྦྱོང་འཛིན་གྲྭ་ལྷ་སར་འཚོགས་པ་རེད།

    བོད་ཀྱི་ལས་བྱེད་པ་རྒན་གྲས་ནི་བོད་ལ་ཞི་བའི་བཅིངས་འགྲོལ་གཏོང་བ་དང་འཕེལ་རྒྱས་སྒྱུར་བཅོས་དང་བརྟན་ལྷིང་ཞི་མཐུན་གྱི་སྐུལ་འདེད་པ་དང་། སྒྲིག་འཛུགས་པ། ལག་ལེན་པ། བརྒྱུད་མྱོང་མཁན་བཅས་ནུས་ལྡན་ཞིག་རེད། ཐོག་མཐའ་བར་གསུམ་དུ་རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ཏང་ཡོན་གྱིས་ཀྲི་པུའུ་ཡི་སྣེ་ཁྲིད་འོག་རིམ་ཁག་ཏང་ཨུད་དང་སྲིད་གཞུང་ལ་རང་འགུལ་ངང་ཐབས་འདོན་ཇུས་འདོན་ཧུར་ཐག་བྱས་ཏེ་མང་ཚོགས་ལ་མཐུན་སྒྲིལ་དང་། དམངས་འདུན་མཚོན་པ། མང་ཚོགས་ཀྱི་འགལ་ཟླ་དང་རྩོད་གཞི་སེལ་བ་སོགས་ཀྱི་ལས་དོན་སྤེལ་རྒྱུར་གཞོགས་འདེགས་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་ལྗོངས་ཡོངས་སུ་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ཏང་ཡོན་382ཀྱིས་རིམ་ཁག་ཏང་རྩ་འཛུགས་ཀྱི་སྐབས་བརྗེའི་སྤྱོད་ཚུལ་ལྟ་སྐུལ་པ་དང་ཁོར་ཡུག་སྲུང་སྐྱོང་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ལྟ་སྐུལ་མཛུབ་ཁྲིད་པ་བྱས་པ་དང་། ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ཏང་ཡོན་409ཡིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་པ་བྱས་པ། ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ཏང་ཡོན་346གིས་གྲོང་ཚོ་དང་གྲོང་ལྷན་གྱི“གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མི་བྱས་པ། ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ཏང་ཡོན་80ལྷག་ཙམ་གྱིས་སྤྱི་དབང་མིན་པའི་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་མཛུབ་ཁྲིད་པ་བྱས་པ་བཅས་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།