[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རང་རྒྱལ་གྱི་ཚན་ཞིབ་མི་སྣར་བོད་ནས་མེ་ཏོག་ལན་ཧྭ་ཡི་རིགས་གསར་པ་རྙེད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-21

    ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་ཟླ་5ཚེས་18ཉིན་གློག་འཕྲིན་འབྱོར་གསལ། རང་རྒྱལ་གྱི་ཚན་ཞིབ་མི་སྣར་བོད་ལྗོངས་སྤོ་མེས་རྫོང་ནས་མེ་ཏོག་ལན་ཧྭ་ཡི་རིགས་གསར་པ་ཞིག་རྙེད་པ་དེར“ཡར་ཀླུང་གཙང་པོའི་ཧྲེ་ཏའུ་ལན”ཞེས་མིང་བཏགས་ཡོད། ཉིན་ཤས་གོང་གྲུབ་འབྲས་དེ་རྒྱལ་སྤྱིའི་རྩི་ཤིང་དབྱེ་འབྱེད་རིག་པའི་དུས་དེབ 《Phytotaxa》ཐོག་ཡོངས་བསྒྲགས་བྱས་པ་རེད།

    དཔྱད་རྩོམ་དེའི་རྩོམ་པ་པོའི་གྲས་སུ་གཏོགས་པའི་ཀྲུང་གོ་ཚན་རིག་ཁང་ཤིས་ཧྲོང་པན་ནཱ་ཚ་ཁུལ་རྩི་ཤིང་གླིང་གི་མཐོ་རིམ་ལག་རྩལ་ཆེ་མོ་བ་ལི་ཅན་ཝུའུ་ཡིས། འཛམ་གླིང་ཐོག་མེ་ཏོག་ཧྲེ་ཏའུ་ལན་གྱི་ཁོངས་སུ་གཏོགས་པའི་རིགས་2200ལྷག་ཙམ་ཡོད་པའི་ནང་རང་རྒྱལ་ཁོ་ནར་150ཙམ་ཡོད་ཅེས་ངོ་སྤྲོད་བྱས། 2017ལོར་ལི་ཅན་ཝུའུ་བོད་ལྗོངས་མེ་ཏོག་རྫོང་དུ་རྟོག་ཞིབ་བྱེད་པར་སྐྱོད་རིང་སྤོ་མེས་རྫོང་དང་མེ་ཏོག་རྫོང་གི་ཡར་ཀླུང་གཙང་པོ་རྒྱུག་ཁུལ་ནས་སྡོང་རྐང་ཅུང་ཆུང་བའི་མེ་ཏོག་ཧྲེ་ཏའུ་ལན་གྱི་ཁོངས་སུ་གཏོགས་པའི་རྩི་ཤིང་ཞིག་རྙེད་པ་རེད། རྟོག་ཞིབ་བྱེད་མཇུག་འགྲིལ་རྗེས་ཁོང་གིས་རྩི་ཤིང་དེ་འཁྱེར་ནས་ཤིས་ཧྲོང་པན་ནཱ་ཚ་ཁུལ་རྩི་ཤིང་གླིང་གི་སྡོང་ཕྲུག་ར་བར་བཏབ་པ་དང་ཟླ་ཕྱེད་ནས་མེ་ཏོག་བཞད་ཅིང་། ཞིབ་འཇུག་བྱས་པ་བརྒྱུད་མེ་ཏོག་ཧྲེ་ཏའུ་ལན་གྱི་ཁོངས་སུ་གཏོགས་པའི་རིགས་ཤིག་ཡིན་པ་གཏན་འཁེལ་བྱས་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།