[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་ལུས་རྩལ་སྤྱི་ཁྱབ་ཚོགས་པས།

    ​ བོད་ཀྱི་དམངས་ཡོངས་ལུས་སྦྱོང་དང་བླངས་ཞབས་ཞུ་སློབ་གྲྭར་སྤེལ་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-17

    ཚེས་15ཉིན། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་བོད་རང་སྐྱོང་ལྗོངས་ལུས་རྩལ་སྤྱི་ཁྱབ་ཚོགས་པས་གཙོ་གཉེར་བྱས་པའི་བོད་ཀྱི་དམངས་ཡོངས་ལུས་སྦྱོང་དང་བླངས་ཞབས་ཞུ“དྲུག”ལ་སྤེལ་བའི་བྱེད་སྒོ་ལྷ་ས་ཚོད་ལྟའི་སློབ་ཆུང(གྲོང་ཤར་ཡན་ལག་སློབ་ཁུལ)དུ་སྤེལ་བ་རེད། བྱེད་སྒོར་བོད་རང་སྐྱོང་ལྗོངས་ཐའེ་ཆོན་དྲག་རྩལ་མཐུན་ཚོགས་ཀྱིས་སློབ་མས་ཐའེ་ཆོན་དྲག་རྩལ་འཁྲབ་སྟོན་བྱས་པ་དང་བོད་ལྗོངས་དུང་དཀར་བུ་ཁྲིད་ཤུད་འཁོར་སྤྲོ་སྐྱིད་ཁང་གིས་དགེ་སློབ་ཚོར་ཤུད་འཁོར་འཁྲབ་སྟོན་བྱས་པ་རེད།

    འདི་ལོ་ལོ་8ལ་སླེབས་པའི་ཕུན་ཚོགས་དབང་ལྡན་ནི་ཐའེ་ཆོན་དྲག་རྩལ་འཁྲབ་སྟོན་པའི་གྲས་ཤིག་ཡིན་པ་དང་། ལོ་རིམ་དང་པོ་ནས་བཟུང་ཐའེ་ཆོན་དྲག་རྩལ་སྦྱངས།

    ལོ་རིམ་གཉིས་པའི་འགྱུར་མེད་རྣམ་རྒྱལ་རྒྱུན་དུ་རི་མོ་འབྲི་རྒྱུར་དགའ་པོ་ཡོད། འོན་ཀྱང་ཕྲུ་གུ་གཞན་གྱིས་ཤུད་འཁོར་གཏོང་བ་མཐོང་སྐབས། ཁོ་པ་འཕྲལ་དུ་ཤུད་འཁོར་ལ་དབྱིངས་ཚུད།

    དམངས་ཡོངས་ལུས་སྦྱོང་དང་བླངས་ཞབས་ཞུ“དྲུག”ལ་སྤེལ་བའི་བྱེད་སྒོ་ནི《བོད་རང་སྐྱོང་ལྗོངས་ཀྱི་དམངས་ཡོངས་ལུས་སྦྱོང་ལག་བསྟར་འཆར་གཞི(2016ལོ་ནས་2020ལོ་བར)》ལག་བསྟར་བྱེད་པའི་ནང་དོན་གལ་ཆེན་ཞིག་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ལྷ་ས་ཚོད་ལྟའི་སློབ་ཆུང(གྲོང་ཤར་ཡན་ལག་སློབ་ཁུལ)གིས་རྒྱུན་གཏན་གྱི་ལུས་རྩལ་སློབ་ཚན་དང“ལུས་རྩལ་ཆུ་ཚོད་གཅིག་རྩེ་བ”ཕུད། 2016ལོར“1+X”ཡི་ཕྱོགས་བསྡུས་ལག་ལེན་སློབ་ཚན་བཀོད་སྒྲིག་བྱས་ཡོད་པ་རེད།

    བྱེད་སྒོ་སྤེལ་བའི་ཉིན་དེར། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ལུས་རྩལ་ལྟེ་གནས་ཀྱིས་ལྷ་སའི་ཚོད་ལྟའི་སློབ་ཆུང་ལ་མི་དམངས་ཤོག་སྒོར་ཁྲི་10ལྷག་རི་བའི་ལུས་རྩལ་ཡོ་ཆས་ཞལ་འདེབས་བརྒྱབ་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།