[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རིན་སྤུངས་རྫོང་བྱེ་བ་ཤང་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོར་བརྟེན་ནས་མང་ཚོགས་ཀྱི་ལྟ་བར་འགྱུར་ལྡོག་གཏོང་རྒྱུའི་ཁྲིད་སྟོན་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-17

    “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན། གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་བྱེ་བ་ཤང་གིས་ཚད་གཞི་མཐོ་བའི་བླང་བྱ་དང་སྤུས་ཚད་མཐོ་བའི་སྐུལ་འདེད་མཐའ་འཁྱོངས་ཀྱིས་དྲིལ་བསྒྲགས་སློབ་གསོའི་ཐོན་ཁུངས་གཅིག་འདོམས་བསྡུ་སྒྲིལ་བྱས་ཏེ་ཁུལ་ཁོངས་འགན་ལེན་དང་། གྲོང་ཚོ་འགན་ལེན། དུད་ཚང་འགན་ལེན་བཅས་ཀྱི་ལམ་ལུགས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་པ་དང་། “དུད་ཚང་བརྒྱར་བསྐྱོད་དེ་ངོ་ཐུག་གདོང་འཕྲད་བྱེད་པ་དང་། མི་སྟོང་ལ་འཚམས་འདྲི་བྱས་ཏེ་གཅིག་སེམས་གཅིག་ཏུ་སྒྲིལ་བའི”བྱེད་སྒོ་གཞི་རྟེན་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ངོ་ཐུག་གདོང་འཕྲད་ཀྱི་སྒྲོག་འགྲེལ་དང་གཅིག་གཏད་གཅིག་གི་གསལ་འགྲེལ་བྱེད་ཐབས་སྣ་ཚོགས་བབ་བསྟུན་ངང་སྤྱད་དེ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་ངང་སྤེལ་བར་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད།

    ཤེས་རྟོགས་བྱས་པར་གཞིགས་ན། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཤུགས་ཆེན་སྤེལ་བ་བརྒྱུད་བྱེ་བ་ཤང་གི་མང་ཚོགས་ཀྱི་བསམ་བློའི་ལྟ་བར་འགྱུར་ལྡོག་ཆེན་པོ་ཕྱིན་ནས“སྒུག་རྟེན་སློང”གསུམ་གྱི་བསམ་བློར་འགྱུར་ལྡོག་ཕྱིན་ནས་ལས་བརྩོན་ཕྱུག་འགྱུར་གྱི་ལྟ་བ་ཟབ་ཏུ་ཕྱིན་ཡོད། རིན་སྤུངས་རྫོང་གི་ཤིན་ཏུ་དབུལ་བའི་ཤང་དང་གྲོང་རྡལ་གྱི་གྲས་ཤིག་ཡིན་པའི་བྱེ་བ་ཤང་ལ་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་དུད་ཚང་263གྱི་མི་གྲངས་1201གི་ནང་ནས་དུད་ཚང་89ཡི་མི་གྲངས་283རང་འགུལ་ངང་དབུལ་སྒྲོལ་བྱ་རྒྱུའི་རེ་ཞུ་བྱས་ཡོད། རྫོང་ཤར་གྲོང་ཚོའི་པད་དཀར་ཁྱིམ་གྱིས་རླངས་འཁོར་བཀྲུ་ས་བཙུགས་ཏེ་ཕྱུག་པོའི་ལམ་བུའི་ཐོག་བསྐྱོད་པ་དང་། ཕུ་སྣ་གྲོང་ཚོའི་ལྷག་པ་རྒྱལ་མཚན་གྱིས་གྲོང་ཚོའི་མཉམ་སྡེབ་སྔོ་ཚལ་དྲོད་ཁང་ཆེ་མོ་20བོགས་མར་བླངས་ནས་དུད་ཚང་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་རྒྱུར་སྣེ་ཁྲིད་བྱས་པ་སོགས་ཕྱུག་འགྱུར་གྱི་དཔེ་མཚོན་རེ་རེ་བཞིན་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་ངང་སྤེལ་བ་དང་བསྟུན་ནས་ད་ཆ་བྱེ་བ་ཤང་གི་སྒྲོག་འགྲེལ་པས་རང་འགུལ་ངང་འོས་འགན་སྒྲོག་འགྲེལ་བྱས་སྟབས་སྔོན་ཐོན་སྒྲོག་འགྲེལ་པ་ཁག་ཅིག་ཐོན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།