[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་ཤེས་ལྡན་མི་སྣ་གཞི་རིམ་གྱི་འཐབ་ས་དང་པོར་སྐྱོད་པར་ལས་སྟེགས་བསྐྲུན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-15

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་ཤེས་ལྡན་མི་སྣ་གཞི་རིམ་གྱི་འཐབ་ས་དང་པོར་སྐྱོད་པར་ལས་སྟེགས་བསྐྲུན་པ།ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་གཞི་རིམ་ལ་དམ་འཛིན་དང་། རྨང་གཞི་བརྟན་གཏོང་། རྩ་བ་བརྟན་གཏོང་བཅས་ཀྱི་སྟོན་ཕྱོགས་བརྟན་པོར་བཟུང་ནས་ཕུལ་བྱུང་གི་ཤེས་ལྡན་མི་སྣ་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་སྐྱོད་པར་ལས་སྟེགས་བསྐྲུན་པ་དང་། གཞི་རིམ་གྱི་ཤེས་ལྡན་མི་སྣ་ཟམ་མི་ཆད་པར་མང་དུ་བཏང་བ། གཞི་རིམ་གྱི་མཁར་རྫོང་བརྟན་དུ་བཏང་ནས་ཁྲེང་ཀོན་ཆུས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ལ་ཤེས་ལྡན་མི་སྣའི་འདེགས་སྐྱོར་སྟོབས་ལྡན་བྱས་ཡོད།

    ཁྲེང་ཀོན་ཆུས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་དང་། སྣོད་བཅུད་སྲུང་སྐྱོང་། དཔལ་འབྱོར་འཕེལ་རྒྱས་སོགས་བྱ་གཞག་ཁག་གི་དགོས་མཁོ་དང་བརྟན་ལྷིང་སྲུང་སྐྱོང་གི་དམིགས་བསལ་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྔ་ཕྱི་བར་གསུམ་དུ་མི་སྣ་བདམས་ཤེས་པ་དང་ཡག་པོ་འདེམས་པ་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱས་པ་རེད།

    ཆ་སྒྲིག་ལམ་སྲོལ་བཙུགས་ཏེ་རྫོང་རིམ་པའི་འགོ་ཁྲིད་དང་། ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི། ལས་སྒོའི་རྐང་འཛིན་པ་བཅས་58མངགས་ནས་ཕྱོགས་གཏན་འཁེལ་གྱིས་བསྡུས་པའི་སློབ་ཆེན་སློབ་མ་58དང“དགེ་སློབ”དབར་ཆ་སྒྲིག་འབྲེལ་བ་བཙུགས་པ་དང་། གྲོང་ཚོའི(གྲོང་ལྷན)རྐང་འཛིན་སྟོབས་ཤུགས་600བཀོད་སྒྲིག་གིས་གཞི་རིམ་ལས་བྱེད་པ་274དང“རོགས་རེས”ཀྱི་ཆ་སྒྲིག་འབྲེལ་བ་བཙུགས་ནས་གཞི་རིམ་ལས་བྱེད་པ་མགྱོགས་མྱུར་ཁོར་ཡུག་དང་འཕྲོད་ཐུབ་པ་དང་ལས་ཀར་གོམས་ཐུབ་པ་བྱས་ཡོད།

    ལྟ་འདོམས་ཀྱི་འགན་འཁྲིའི་སྦྲེལ་ཐག་འཐུས་སྒོ་ཚང་དུ་བཏང་སྟེ་གཞི་རིམ་ལས་བྱེད་པའི་དཔུང་ཁག་གི་ལས་འགན་དང་། ངོ་བོ། ཁྱད་ཆོས་བཅས་ལ་གཞིགས་ནས་གཞི་རིམ་ལས་བྱེད་པའི་དོ་དམ་བྱེད་ཐབས་དང་། གྲོང་སྡོད་ལས་དོན་རུ་ཁག་གི་དཔྱད་ཞིབ་བྱེད་ཐབས། ཧྲུའུ་ཅི་དང་པོའི་དོ་དམ་བྱེད་ཐབས་སོགས་དོ་དམ་ལམ་སྲོལ་20ལྷག་ཙམ་བཟོས་པ་དང་། མི་སྤྱོད་ཚན་པས་ཐད་ཀར་དོ་དམ་དང་། གོང་རིམ་རྩ་འཛུགས་ཀྱིས་ཐུན་མོང་ཐོག་དོ་དམ། རྩ་འཛུགས་པུས་གཞོགས་འདེགས། ལྗོངས་ཏང་ཨུད་ཀྱིས་སྤྱི་འདོམས་བཅས་ཀྱི་གཞི་རིམ་ལས་བྱེད་པའི་རིམ་བཞིའི་དོ་དམ་མ་ལག་བཙུགས་ཡོད།

    ལོ་མཇུག་གི་ཞིབ་བཤེར་དང་། ཆེད་དོན་ལྟ་བཤེར། གཙོ་གནད་སྐོར་ཞིབ། དམངས་གཙོའི་གྲོས་མོལ། ཏང་ནང་ཁུལ་གྱི་ལྟ་སྐུལ་དང་མང་ཚོགས་ཀྱི་ལྟ་སྐུལ། སྤྱི་ཚོགས་ཀྱི་ལྟ་སྐུལ་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་བཅས་ཀྱི་ལྟ་སྐུལ་མ་ལག་བཙུགས་ཏེ་གཞི་རིམ་ལས་བྱེད་པའི་ནུས་པ་ཕྱོགས་ཡོངས་ནས་འདོན་སྤེལ་བྱས་ཚུལ་ཤེས་རྟོགས་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།