[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ལྗོངས་བརྟག་ཞིབ་ཚོགས་ཆུང་གིས།

    བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་བསྐྱར་སྐྲུན་རྒྱས་སྐྲུན་གྱི་རྣམ་གྲངས་ལ་བརྟག་ཞིབ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-15

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་ཀྱིས་རུ་སྣེ་ཁྲིད་པའི་བརྟག་ཞིབ་ཚོགས་ཆུང་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭའི་ལས་ཡུལ་དུ་བསྐྱོད་ནས་ས་གནས་ས་ཐོག་ཏུ་རྣམ་གྲངས་ཀྱི་འཛུགས་སྐྲུན་གནས་ཚུལ་ལ་བརྟག་ཞིབ་བྱས་པ་རེད།

    བརྟག་ཞིབ་ཚོགས་ཆུང་དང་བཅས་པས་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་བསྐྱར་སྐྲུན་རྒྱས་སྐྲུན་གྱི་རྣམ་གྲངས་ཀྱི་བཀོད་པ་དང་། འཛུགས་སྐྲུན། བདེ་འཇགས་ཨར་ལས་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་ཁར་ལས་གྲྭའི་ཇུས་འགོད་དང་། ཨར་ལས། འཕེལ་རིམ། སྤུས་ཚད་སོགས་གནས་ཚུལ་གྱི་སྙན་ཞུ་དང་། དེ་བཞིན་གོམ་སྟབས་རྗེས་མའི་འཆར་གཞིའི་སྐོར་ཉན་ཞིང་། ཁེ་ལས་ཀྱི་བདག་པོའི་ཕྱོགས་དང་། སྐྲུན་འགན་འཁུར་མཁན་ཕྱོགས། ལྟ་ཞིབ་བྱེད་མཁན་ཕྱོགས་བཅས་ཀྱིས་བསྒྲུབས་པའི་འབྲེལ་ཡོད་ལས་དོན་ཐད་ལ་ཁས་ལེན་བྱས་པ་དང་འབྲེལ་ལས་གྲྭ་འཛུགས་སྐྲུན་གྱི་སྤུས་ཚད་དང་། བདེ་འཇགས། འཕེལ་རིམ། ཨར་ལས་ཀྱི་གོ་རིམ་སོགས་ལ་བསམ་འཆར་དང་བླང་བྱ་ཞིབ་ཕྲ་ཡང་བཏོན་པ་རེད།

    བརྟག་ཞིབ་ཚོགས་ཆུང་གིས་ལས་གྲྭ་འཛུགས་སྐྲུན་བྱེད་པར་ངེས་པར་དུ་སྤུས་ཚད་འགན་ལེན་དང་། བདེ་འཇགས་འགན་ལེན། འཕེལ་རིམ་འགན་ལེན། གོ་རིམ་ལྡན་པའི་སྐུལ་སྤེལ་བཅས་བྱས་ནས་རིགས་གཅིག་མཁས་ཅན་གྱི་བསམ་འཆར་མང་ཙམ་ཉན་དགོས། རང་སྐྱོང་ལྗོངས་རིག་དངོས་ཅུས་དང་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གིས་འགོ་ཁྲིད་བྱེད་པར་ཤུགས་སྣོན་བརྒྱབ་ནས་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྐྲུན་འགན་འཁུར་མཁན་ཕྱོགས་སོགས་འབྲེལ་ཡོད་ཚན་པའི་དབར་འབྲེལ་གཏུག་གཞོགས་འདེགས་དམ་ཟབ་དང་མཉམ་ལས་ཤུགས་ཆེན་བྱེད་དགོས། ཨར་ལས་ཚན་པས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པར་དོ་སྣང་བྱས་ནས་གཏན་འབེབས་ཀྱི་ལས་སྒྲུབ་ལ་ནན་པོར་གཞིགས་ནས་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་བསྐྱར་སྐྲུན་རྒྱས་སྐྲུན་གྱི་རྣམ་གྲངས་བདེ་བླག་ངང་ལས་མཇུག་འགྲིལ་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།