[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • གསར་གཏོད་ཀྱི་བྱ་ཐབས་ལག་ལེན་བསྟར་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གླེང་ཐེངས་དང་པོ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2019-05-14

    གསར་གཏོད་ནི་མི་རིགས་ཀྱི་བླ་སྲོག་དང་དུས་རབས་ཀྱི་བརྗོད་དོན་གཙོ་བོ་ཡིན་པ་དང་། ལས་གཏོད་ནི་འཕེལ་རྒྱས་ཀྱི་རྨང་གཞི་དང་དམངས་ཕྱུག་གི་རྩ་བ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གསར་གཏོད་ནི་སྤྱི་ཚོགས་ཡར་ཐོན་གྱི་བླ་སྲོག་ལྟ་བུ་ཡིན་པ་དང་ལས་གཏོད་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་དང་དམངས་འཚོ་ལེགས་སུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན”ཞེས་དང“སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་གསར་གཏོད་དེ་ཉིད་སྒུལ་ཤུགས་ཨང་དང་པོར་འགྱུར་བའི་འཕེལ་རྒྱས་ཤིག་དང་། གསར་གཏོད་ལས་དར་དར་སྲོལ་དུ་ཆགས་པའི་འཕེལ་རྒྱས་ཤིག གསར་གཏོད་གསོན་ཤུགས་གཅིག་ལ་གཅིག་འགྲན་གྱིས་ཐོན་པའི་འཕེལ་རྒྱས་ཤིག་བཅས་རེད”ཅེས་གསུངས་ཡོད།

    ལས་གཏོད་ཀྱིས་ཕུགས་འདུན་འགྲུབ་པ་དང་། གསར་གཏོད་ལས་འབྱུང་འགྱུར་ལ་འགྱུར་ལྡོག་བྱུང་ཞིང་། མིག་སྔར་རང་ལྗོངས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བཞིན་ཡོད་པས་གསར་གཏོད་ལས་གཏོད་དང་གསར་སྐྲུན་ལ་བརྟེན་ནས་སྒུལ་ཤུགས་གསར་པ་སྐྱེད་སྲིང་བྱེད་དགོས་གལ་ཆེན་པོ་ཡོད། ང་ཚོས་གསར་གཏོད་ལས་གཏོད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་ཏེ་གསར་གཏོད་ལས་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་སྤྱི་ཚོགས་ཡོངས་སུ་ཡུན་རིང་འཕེལ་བར་བྱེད་དགོས། ཁྲོམ་རའི་གཙོ་ཁྲིད་མཐའ་འཁྱོངས་ཀྱིས་ཐོན་ཁུངས་བཀོད་སྒྲིག་ལེགས་གཏོང་དང་། ཐོན་ཁུངས་བཀོད་སྒྲིག་བྱེད་པའི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་གང་ལེགས་བཏོན་ཏེ་སྤྱི་ཚོགས་ཀྱི་སྟོབས་ཤུགས་གཙོ་བོར་བྱས་ནས་ཁྲོམ་ར་ཅན་གྱི་ཀུན་གཏོད་བྱ་ཡུལ་བསྐྲུན་དགོས་པ་དང་། སྒྱུར་བཅོས་ཟབ་གཏོང་མཐའ་འཁྱོངས་ཀྱིས་ལས་གཏོད་ཁོར་ཡུག་ལེགས་སུ་གཏོང་བ་དང་། སྔར་བས་ལས་ཁུངས་ཁུ་བསྡུ་དང་། དབང་ཆ་གཤམ་སྤྲོད། གློད་སྡོམ་ཟུང་འབྲེལ། ཞབས་ཞུ་འཐུས་ཚང་བཅས་བྱེད་པ། འབྲེལ་ཡོད་ཁྲིམས་སྲོལ་དང་རྒྱབ་སྐྱོར་སྲིད་ཇུས་དང་དེ་བཞིན་སྐུལ་ལྕག་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ། དོ་སྙོམས་ཀུན་ཕན་གྱི་ཁོར་ཡུག་སྐྲུན་པ། གསར་གཏོད་ལས་གཏོད་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ། གསར་གཏོད་ལ་འགོག་རྐྱེན་བཟོ་བ་དང་བྱ་ཐབས་གསར་པ་དང་ལས་རྣམ་གསར་པ་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་ལམ་ལུགས་ཀྱི་འཆིང་རྒྱ་དང་སྒྲིག་སྲོལ་ལམ་སྲོལ་གྱི་འགལ་རྐྱེན་སྣ་ཚོགས་མཐའ་གཅིག་ཏུ་སེལ་དགོས་པ། སྲིད་ཇུས་མཐུན་སྦྱོར་མཐའ་འཁྱོངས་ཀྱིས་ལག་བསྟར་ཕན་འབྲས་འགན་ལེན་དང་། གསར་གཏོད་དང་། ལས་གཏོད། ལས་ཞུགས་སོགས་རིགས་ཁག་གི་སྲིད་ཇུས་ལ་སྤྱི་འདོམས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྲིད་གཞུང་དང་། ལས་རིགས། ཁེ་ལས། སྤྱི་ཚོགས་བཅས་མཉམ་དུ་ཞུགས་པའི་ནུས་ཆེ་མཉམ་སྒྲུབ་ཀྱི་ལམ་སྲོལ་ཞིག་ཆགས་པར་བྱེད་དགོས་པ། སྒོ་དབྱེ་མཉམ་སྤྱོད་མཐའ་འཁྱོངས་ཀྱིས་བྱ་ཐབས་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱིས“རྒྱུད་གཅིག་ལམ་གཅིག”ལག་ལེན་བསྟར་བ་དང་རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱེད་པའི་གོ་སྐབས་བཟང་པོ་དམ་འཛིན་བྱེད་པ། “དྲ་སྦྲེལ་+”ལ་བརྟེན་ནས་ལས་རིགས་ཁག་གི་ཚོང་ལས་རྣམ་པ་གསར་གཏོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དྲ་ཐོག་དྲ་ཕྱི་དང་། ལྗོངས་ཕྱི་ནང་། སྲིད་གཞུང་དང་ཁྲོམ་ར་བཅས་ཀྱི་སྒོ་དབྱེ་མཉམ་ལས་ཀྱི་གསར་གཏོད་ལས་གཏོད་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། གཞན་གྱི་སྔོན་ལ་བྱེད་ཕོད་པ་དང་ཕམ་ཉེས་ལ་བསམ་ཤེས་ཐུབ་པའི་གསར་གཏོད་རིག་གནས་དར་སྤེལ་བཏང་སྟེ་གསར་གཏོད་ལས་གཏོད་དང་ཕྱུག་འགྱུར་གོང་དུ་བཀུར་བའི་རིན་ཐང་སྟོན་ཕྱོགས་ཤིག་འཛུགས་པ་དང་ལས་གཏོད་ཀྱི་སྙིང་སྟོབས་དང་གསར་གཏོད་པའི་རིག་གནས་སྐྱེད་སྲིང་དང་ཧུར་ཐག་བཏོད་ནས་གསར་གཏོད་ཀྱི་བསམ་བཀོད་དེ་དངོས་དངོས་རྗེན་རྗེན་གྱི་ལས་གཏོད་བྱེད་སྒོར་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས།

    རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་ཁྲོད་བོད་ལ་གནས་བབ་གལ་ཆེན་ལྡན་ཞིང་། དུས་རབས་གསར་པའི་གངས་ལྗོངས་ས་མཐོའི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་དང་། དཔལ་འབྱོར་གྱི་འཕེལ་ཕྱོགས་བཟང་བ། འབྱུང་འགྱུར་འཕེལ་རྒྱས་ཀྱི་མདུན་ལམ་ཡངས་པ་བཅས་ནི་ཤེས་ལྡན་པ་སྣ་ཚོགས་ཀྱི་ལས་སྒྲུབ་ལས་གཏོད་དང་ཕུགས་འདུན་འགྲུབ་སའི་ས་གཞི་གཤིན་པོ་ཞིག་རེད། ང་ཚོས་ཁོར་ཡུག་བཟང་པོ་རྒྱུན་མཐུད་བཏོད་དེ་ལས་རིགས་ཁག་གི་མི་སྣའི་སྤྲོ་སེམས་དང་ཧུར་སེམས་གང་ལེགས་འཕེལ་བར་བྱེད་པ་དང་སྤྱི་ཚོགས་ཡོངས་སུ་གསར་གཏོད་ལས་གཏོད་དང་གསར་སྐྲུན་གྱི་ཚ་རླབས་ཤིག་འཕྱུར་བར་བྱས་ཏེ་བོད་འདི་ཉིད་ཕུལ་བྱུང་ཤེས་ལྡན་པའི་བློ་ཁ་ཕྱོགས་ས་དང་། འདུ་འཛོམས་བྱེད་ས། ལས་གཏོད་བྱ་ཡུལ་བཅས་སུ་འགྱུར་བར་བྱས་ཐོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་རྒྱས་ཤིང་སྒུལ་ཤུགས་ཀྱིས་ཕྱུག་པར་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་ཚད་ཕྱོགས་སུ་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།