[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ལྗོངས་ཀྱི་གཙོ་གནད་ཆུ་བེད་ལས་གྲྭ་འཛུགས་སྐྲུན་བྱེད་མགྱོགས་སུ་ཕྱིན་པ།

    འདི་ལོ་མ་དངུལ་སྒོར་དུང་ཕྱུར་60ཡན་དོན་འཁྱོལ་བྱ་རྩིས་ཡོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-21

     ཉིན་ཤས་གོང་། གསར་འགོད་པར་2019ལོའི་ལྗོངས་ཡོངས་ཀྱི་ཆུ་བེད་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ན་ནིང་རང་ལྗོངས་ཀྱིས་ཆུ་བེད་ལ་མ་དངུལ་སྒོར་དུང་ཕྱུར་52.3གཏོང་རྩིས་ཡོད་པ་དང་། དངོས་སུ་མ་དངུལ་སྒོར་དུང་ཕྱུར་72.84བཏང་ནས་མ་དངུལ་སྒོར་དུང་ཕྱུར་73.6དམིགས་སར་འབྱོར་བས། ལས་འགན་ཚད་ལས་བརྒལ་ནས་ལེགས་གྲུབ་བྱུང་སྟེ། གཙོ་གནད་ཆུ་བེད་ལས་གྲྭ་འབོར་ཆེན་ཞིག་ཚ་ཚ་འུར་འུར་ངང་འཛུགས་སྐྲུན་བྱེད་བཞིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་རང་ལྗོངས་ཀྱིས་ཆུ་བེད་ལ་མ་དངུལ་སྒོར་དུང་ཕྱུར་60ཡན་དོན་འཁྱོལ་བྱ་རྩིས་ཡོད་ཅིང་། ཕུ་མདོ་ཆུ་བེད་ལྟེ་བའི་ལས་གྲྭ་དང་། ཡར་ཀླུང་ཆུ་མཛོད། ཕྱྭ་གཡང་ཆུ་མཛོད། གཙང་པོ་བྱང་རྒྱུད་ཆུ་འདྲེན་ཁུལ། འཕན་པོ་ཆུ་འདྲེན་ཁུལ་སོགས་ལས་གྲྭ་འཛུགས་སྐྲུན་གྱི་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱ་རྒྱུ་མ་ཟད། ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་ཐུབ་པ་བྱ་རྒྱུ་ཡིན་པས་ཆུ་མཁོ་འདོན་ནུས་པ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་2.96ཆེ་རུ་འགྲོ་རྒྱུ་རེད། དེ་དང་དུས་མཚུངས་རྫོང་ཐང་ཁ་ཆུ་བེད་ལྟེ་བའི་ལས་གྲྭ་དང་། བར་རྩེ་ཆུ་བེད་ལྟེ་བའི་ལས་གྲྭ སྟོད་ཡུལ། མི་ལྤགས་ཐང་། ནུ་རི་མཚོ་སོགས་ཆུ་མཛོད་འབྲིང་གྲས་སྐྲུན་འགོ་འཛུགས་རྒྱུ་དང་། ཆུ་བེད་ལས་གྲྭ་ཆེ་གྲས་འཛུགས་སྐྲུན་གྱི་མི་སེར་གནས་སྤོ་བཀོད་སྒྲིག་དང་ཆུ་མཛོད་ཀྱི་མི་སེར་གནས་སྤོའི་དུས་མཇུག་གི་རོཌ་སྐྱོར་སྲིད་ཇུས་ལག་ལེན་བསྟར་བའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།