[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ལྗོངས་ཀྱིས་སྤྱི་གསོག་མ་དངུལ་གྱི་ཞབས་ཞུའི་དྲ་ཚུགས་དེ་རྫོང་ཆུས་ཁག་ཏུ་ཁྱབ་རྒྱུར་སྐུལ་མ་ཧུར་ཐག་གཏོང་བ།

    ད་ལོར་གྲོང་ཁྱེར་དང་ས་ཁུལ་གནས་ཡུལ་གྱི་རྫོང་ཆུས་སུ་ཞབས་ཞུའི་དྲ་ཚུགས་100%ཁྱབ་པར་བྱ་རྒྱུ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-21

    ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱས་པ་ལྟར་ན། རང་ལྗོངས་ཀྱིས་སྤྱི་གསོག་མ་དངུལ་གྱི་ཞབས་ཞུའི་དྲ་ཚུགས་དེ་རྫོང་ཆུས་ཁག་ཏུ་ཁྱབ་པའི་ལས་དོན་ལ་སྐུལ་མ་ཧུར་ཐག་གཏོང་ཆེད། ད་ལོར་གྲོང་ཁྱེར་དང་ས་ཁུལ་གནས་ཡུལ་གྱི་རྫོང་ཆུས་སུ་ཞབས་ཞུའི་དྲ་ཚུགས་100%དང་གྲོང་ཁྱེར་དང་ས་ཁུལ་གནས་ཡུལ་མིན་པའི་ས་ཁུལ་དང་རྫོང་དུ་ཞབས་ཞུའི་དྲ་ཚུགས་ཁྱབ་ཚད་60%ཡན་ཟིན་པར་བྱ་རྒྱུ་རེད།

    ཤེས་རྟོགས་བྱུང་བ་ལྟར་ན། གྲོང་ཁྱེར་དང་ས་ཁུལ་ཁག་གི་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ཀྱིས་གྲོང་ཁྱེར་དང་ས་ཁུལ་དེ་རང་དུ་དྲ་ཚུགས་ཡོད་པའི་ཚོང་ལས་དངུལ་ཁང་དབར་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཚོང་ལས་དངུལ་ཁང་1ལས་མི་ཉུང་བར་མཉམ་ལས་བྱས་ཏེ་ལས་བཟོས་ཐག་ཉེ་སར་དངུལ་བཅོལ་བདེ་བར་བྱེད་པ་དང་། ཉེ་སའི་དྲ་ཚུགས་བཀོད་པ་དང་དྲ་ཚུགས་ནང་གི་ཞབས་ཞུ་ཚད་ལྡན་གོ་རིམ་ཡོད་པ། དྲ་ཚུགས་དབར་སློབ་བསྡུར་སྙེག་བརྒལ་གྱི་རྣམ་པ་ཟབ་མོ་ཆགས་པ་བཅས་བྱ་རྒྱུ་རེད། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་དྲ་ཚུགས་རྫོང་ཁག་དབར་ཁྱབ་པའི་ལེགས་ཆ་འདོན་པ་དང་། ཞིང་ལས་དངུལ་ཁང་གི་ཡུལ་དེ་རང་གི་ཡན་ལག་དངུལ་ཁང་དབར་འབྲེལ་གཏུག་ཧུར་ཐག་བྱེད་པའི་ཁར། སྤྱི་གསོག་མ་དངུལ་གྱི་ཞབས་ཞུའི་དྲ་ཚུགས་དེ་རྫོང་ཆུས་ཁག་ཏུ་ཁྱབ་རྒྱུར་སྐུལ་མ་བརྟན་པོ་བཏང་ནས་ལས་བཟོར་ཞབས་འདེགས་ཞུ་བའི་བྱ་བ་བཟང་པོ་ཏན་ཏིག་ངང་གཉེར་རྒྱུ་རེད། དེ་དང་ཆབས་ཅིག་དོ་དམ་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་ཞབས་ཞུའི་ཞིབ་མཆན་མགྱོགས་སུ་གཏོང་བ་དང་། སྡོད་ཁང་གི་སྤྱི་གསོག་མ་དངུལ་དོ་དམ་གྱི་ཞབས་ཞུ་དང་འབྲེལ་བའི་འགན་དབང་དོན་གནད་གསེད་བཀྲོལ་མགྱོགས་སུ་གཏོང་བ། སྡོད་ཁང་གི་སྤྱི་གསོག་མ་དངུལ་བཅོལ་ཉར་དང་། ལེན་པ། དངུལ་བུན་གཏོང་བ་སོགས་ཀྱི་བརྒྱུད་རིམ་ཁག་ཞིབ་ཕྲ་བཟོ་བ་བཅས་བྱས་ནས་ཞབས་ཞུ་སྣེ་ལེན་ཚད་ལྡན་དང་། ཞིབ་མཆན་ཚད་གཞི་གཅིག་གྱུར། ཞིབ་མཆན་མྱུར་པོ་དང་ནུས་ཆེ་བཅས་ཀྱི་ཞབས་ཞུའི་མ་ལག་ཅིག་ཆགས་པར་བྱ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།