[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་སྒྲོལ་དཀར་དང་གཡང་འཛོམས་ཀྱི་སྔོན་ཐོན་བྱས་རྗེས་ལ་སློབ་སྦྱོང་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-19

    “དུས་རབས་ཀྱི་མིག་དཔེ”སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱི་སྔོན་ཐོན་བྱས་རྗེས་ལ་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱེད་པ་དང་། “དུས་རབས་ཀྱི་མིག་དཔེ”སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱི་སྤྱི་ཚོགས་ཀྱི་ཤུགས་རྐྱེན་སྔར་བས་ཆེ་རུ་གཏོང་བ། དཔའ་བོ་གོང་བཀུར་དང་། དཔེ་བཟང་ལ་སློབ་སྦྱོང་། སྔོན་ཐོན་བརྩོན་ལེན་བཅས་ཀྱི་རྣམ་པ་བཟང་པོ་གཏོད་ཆེད། བྲག་ཡིབ་ཆུས་ཀྱི་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཚད་མཐོའི་མཐོང་ཆེན་དང་སྒྲིག་འཛུཌ་ཧུར་ཐག་བྱས་ནས། “དུས་རབས་ཀྱི་མིག་དཔེ”སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱི་སྔོན་ཐོན་བྱས་རྗེས་ལ་སློབ་སྦྱོང་དང་དྲིལ་བསྒྲགས་བྱས་ཏེ་ཞིང་འབྲོག་པ་ཏང་ཡོན་དང་མང་ཚོགས་ལ“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”ཞིག་བརྩོན་ལེན་ཧུར་ཐག་བྱེད་དགོས་པའི་སྐུལ་སློང་བྱས་པ་རེད།

    པད་མ་སྒང་ཁྲོམ་གཞུང་ཉིང་ཁྲི་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག(པད་མ་སྒང་ཁྲོམ་གཞུང་གིས་མངགས)གིས་སྡེ་ཁུལ་གྱི་ཏང་ཡོན་དང་མང་ཚོགས་སྒྲིག་འཛུགས་བྱས་ཏེ་ཚོགས་ཁང་ནང་གཅིག་སྡུད་སློབ་སྦྱོང་གི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་། སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅིས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱི་སྔོན་ཐོན་བྱས་རྗེས་འགྲེལ་བཤད་བརྒྱབ་པ་དང་འབྲེལ་ཏང་ཡོན་དང་མང་ཚོགས་ལ་ཐོག་མཐའ་བར་གསུམ་དུ་ཏང་གི་སེམས་ཁྲལ་སེལ་བ་དང་འགན་འཁྲི་རྣམ་དག་འཁུར་བའི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱི་འགན་འཁུར་གྱི་སྙིང་སྟོབས་དང་བླ་ན་མེད་པའི་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།

    སྦེ་པ་གྲོང་རྡལ་བཀྲ་ཏིག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག(བྲག་ཡིབ་ཆུས་དམངས་སྲིད་ཅུས་དང་སྦེ་པ་གྲོང་རྡལ་གྱིས་མངགས)གིས“དུས་རབས་ཀྱི་མིག་དཔེ”སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱི་རྒྱལ་གཅེས་མཐའ་སྲུང་གི་སྔོན་ཐོན་བྱས་རྗེས་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱས་ཏེ།“གང་ཞིག་སློབ་སྦྱོང་བྱེད་པ་དང་། སློབ་སྦྱོང་ཇི་ལྟར་བྱེད་པའི”གནད་དོན་གཙོ་གནད་དུ་ཐག་གཅོད་བྱས་པ་དང་འབྲེལ། “མཚན་མོའི་སློབ་གྲྭ”སློབ་སྦྱོང་གི་འཆར་འགོད་ནང་བཅུག་པ་དང་། སྦེ་པ་གྲོང་རྡལ་སྟག་ལྤགས་ཐང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག(བྲག་ཡིབ་ཆུས་སྲིད་གཞུང་གཞུང་ལས་ཁང་དང་སྦེ་པ་གྲོང་རྡལ་གྱིས་མངགས)གིས་གྲོང་ཚོའི་རྒྱང་བསྒྲགས་བེད་སྤྱད་ནས་ཁྱོན་ཡོངས་ལ་ཁྱབ་པའི་སྒྲོག་འགྲེལ་བྱས་པས། ཏང་ཡོན་གྱི“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བའི་རང་རྟོགས་དེ་བས་ཆེ་རུ་ཕྱིན་པ་དང་། སྦེ་པ་གྲོང་རྡལ་འབྲས་པ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས(བྲག་ཡིབ་ཆུས་ཁྲིམས་འཛིན་ཅུས་དང་སྦེ་པ་གྲོང་རྡལ་གྱིས་མངགས)“གཉིས་ལྡན་དུད་སྦྲེལ”དང་ཏང་ཚོགས་ཆུང་ཚན་པར་བྱས་ཏེ་ཏང་ཡོན་དང་མང་ཚོགས་སློབ་སྦྱོང་བྱེད་པར་སྒྲིག་འཛུགས་བྱས་པ་དང་། ཚང་མར་དུས་རབས་གསར་པར་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་སློབ་སྦྱོང་བྱས་ནས་དེ་ལྟ་བུའི་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་མེས་རྒྱལ་འཛུགས་སྐྲུན་བྱེད་པའི་རླབས་ཆེན་བྱ་གཞག་ཁྲོད་དར་སྤེལ་གཏོང་དགོས་པའི་འབོད་སྐུལ་བྱས་པ་རེད།

    བྲག་ཡིབ་གྲོང་རྡལ་ཀྲང་སྨད་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག(བྲག་ཡིབ་ཆུས་སྲིད་གྲོས་གཞུང་དོན་ཁང་དང་བྲག་ཡིབ་གྲོང་རྡལ་གྱིས་མངགས)གིས་ཏང་ཡོན་དང་མང་ཚོགས་སྒྲིག་འཛུགས་བྱས་ཏེ་ཆེད་དོན་སློབ་སྦྱོང་བྱས་པ་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་བྱས་པ་དང་། “ཡུལ་སྨད་ཀྱི་སྙིང་སྟོབས”བརྗོད་དོན་གཙོ་བོར་བྱས་པའི་ལག་ལེན་བྱེད་སྒོ་སྤེལ་བ་དང་འབྲེལ། “མཛེས་སྡུག་ལྡན་པའི་ཀྲང་སྨད”ཀྱི་སྐད་འཕྲིན་གྱི་སྤྱི་རྟགས་དང་གྲོང་ཚོའི་ནང་གི་སྐད་འཕྲིན་ཚོགས་པ་སོགས་སུ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱི་སྔོན་ཐོན་བྱས་རྗེས་ཀྱི་རྩོམ་ཡིག་བརྒྱུད་བསྐུར་བྱས་པ། དེང་རབས་ཅན་གྱི་ཕྱོགས་བསྡུས་དྲིལ་བསྒྲགས་བྱ་ཐབས་སྤྱད་ནས་བརྒྱུད་བསྒྲགས་བྱས་ཏེ་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་རྣམ་པ་བཟང་པོ་བཏོད་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།