[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཁྲལ་རིན་གཉིས་གཅོག་གི་ཕན་བདེ་བྱང་ཐང་ཡུལ་དུ་ཁྱབ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-18

    བྱང་རྩྭ་ཐང་སྐྱ་ཐིང་ངེར་གནས་མོད། འོན་ཀྱང་། ནག་ཆུ་ཁྲལ་དོན་སྡེ་ཚན་གྱིས“ཁྲལ་རིན་གཉིས་གཅོག་སྲིད་ཇུས་དོན་འཁྱོལ་བྱས་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”བརྗོད་དོན་གཙོ་བོར་དམ་པོར་དམིཌ་ཏེ“དམངས་ཕན་ཁྲལ་སྒྲུབ་དང་། ཁྲལ་རིན་གཉིས་གཅོག”གི་དཔྱིད་རླུང་རྩྭ་ཐང་གི་ས་ཕྱོཌ་གང་སར་ཁྱབ་བཞིན་མཆིས།

    གསར་འགོད་པས་ཤེས་རྟོགས་བྱས་པར། ཟླ་3པའི་ཟླ་མཇུག་ནས་བཟུང་ནག་ཆུ་གྲོང་ཁྱེར་ཁྲལ་དོན་ཅུས་ཁོངས་གཏོགས་ཀྱི་ལས་དོན་པས་གྲ་སྒྲིག་ཚ་ཚ་འུར་འུར་བྱས་ཏེ་ཁྲལ་བསྡུའི་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་ནས་འགྲིམ་འགྲུལ་བརྡ་ཁྱབ་ཁྱབ་རྒྱ་ཆེ་བའི་ལེགས་ཆར་བརྟེན་ཏེ་ཁྲལ་བསྡུའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    “ཁྲལ་རིན་གཉིས་གཅོག་སྲིད་ཇུས་ལག་བསྟར་བྱེད་པའི་དམིགས་ཡུལ་ནི་ཁེ་ལས་དང་། ཁྲལ་འཇལ་བ། མི་སེར་བཅས་ལ་དངོས་དངོས་རྗེན་རྗེན་གྱི་ཁེ་ཕན་སྤྲོད་ཆེད་རེད། ཁྲལ་རིན་གཉིས་གཅོག་ལས་དོན་གྱི་བཀོད་སྒྲིག་ལ་ནན་པོར་གཞིགས་ནས་ཉུང་དུ་གཏོང་དགོས་རིགས་ངེས་པར་དུ་ཉུང་དུ་གཏོང་བ་དང་། གཅོག་དགོས་རིགས་ངེས་པར་དུ་བཅག་སྟེ་མི་སེར་ཚོས་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ཚོར་ཐུབ་པ་བྱེད་ཀྱི་ཡིན”ཞེས་ནག་ཆུ་གྲོང་ཨུད་ཀྱི་ཧྲུའུ་ཅི་སངས་རྒྱས་བཀྲ་ཤིས་ཀྱིས་གསར་འགོད་པར་བརྗོད། ཁོང་གིས་ད་ཕན་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱི་རྨང་གཞིའི་འཛུགས་སྐྲུན་ལ་མ་དངུལ་གཏོང་ཚད་ལོ་ལྟར་མང་དུ་འགྲོ་བ་དང་འཛུགས་སྐྲུན་ལས་རིགས་ཁེ་ལས་ཀྱི་ཁྲལ་འབབ་ཀྱིས་གྲོང་ཁྱེར་ཡོངས་ཀྱི་ཁྲལ་བསྡུའི་བསྡུར་ཚད་མང་ཙམ་བཟུང་ཡོད། ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་ལས་འཛུགས་སྐྲུན་ལས་རིགས་ལ་དགའ་འོས་པའི་གཟིགས་སྐྱོང་སྲིད་ཇུས་ཀྱི་ཕན་པ་ཐོབ་སྲིད་ཅེས་བརྗོད།

    “ང་ཚོའི་ཀུང་སི་ནི་གཙོ་བོ་སྡོད་ཁང་ཨར་སྐྲུན་ཀུང་སི་ཞིག་རེད། ན་ནིང་གནས་ཐང་འཕར་ཁྲལ་གྱི་ཁྲལ་ཚད་1%ཆག་པར་ང་ཧ་ཅང་དགའ་པོ་བྱུང་། ད་ཐེངས་སླར་ཡར་ཁྲལ་ཚད་1%ཆག་རྒྱུ་ཡིན་པ་ཐོས་བྱུང་བས་ང་དེ་བས་དགའ་པོ་བྱུང་། ད་ཆ་རྒྱལ་ཁབ་ཀྱི་སྲིད་ཇུས་ཇེ་ལེགས་ཇེ་ཡག་ཏུ་འགྲོ་བ་དང་ང་ཚོའི་ཁུར་པོ་ཇེ་ཡང་དུ་ཕྱིན་ནས་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་ཡོང་ངེས་དང་ཚོང་ཇེ་ཡག་ཏུ་འགྲོ་བའི་ཡིད་ཆེས་ཡོད”ཅེས་བོད་ལྗོངས་མིང་ཡོན་འཛུགས་སྐྲུན་ལས་གྲྭ་ཚད་ཡོད་ཀུང་སིའི་ཁྲིམས་མི་སྐུ་ཞབས་ཀྲེན་གྱིས་བཤད།

    འདི་ལོ་ཁྲལ་རིན་གཉིས་གཅོག་གི་ལས་དོན་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་ཚུན། ནག་ཆུ་ཁྲལ་དོན་ཅུས་ཁོངས་གཏོགས་ཀྱིས་དྲིལ་བསྒྲགས་ལས་དོན་ལ་དམ་འཛིན་ནན་པོ་བྱས་པར་ཁྲལ་འཇལ་བའི་བསྔགས་བརྗོད་ཡང་ཡང་ཐོབ་ཡོད། ཁྲལ་བསྡུའི་དྲིལ་བསྒྲགས་ཀྱི“ཐོན་རྫས་ངོ་དྲག་ཤོས”——“ཅུས་ཀྲང་གིས་ཁྲལ་ཁྲིམས་དྲིལ་བསྒྲགས་བྱེད”པའི་བྱེད་སྒོ་གཅིག་རྗེས་གཉིས་མཐུད་ངང་སྤེལ་བ་རེད།

    ཉིན་ཤས་གོང་། ནག་ཆུ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས“ཅུས་ཀྲང་གིས་ཁྲལ་ཁྲིམས་དྲིལ་བསྒྲགས”བྱེད་པའི་འབྲེལ་ཡོད་བྱེད་སྒོ་སྒྲིག་འཛུགས་བྱས་ནས་ནག་ཆུ་གྲོང་ཨུད་དང་། གྲོང་ཁྱེར་སྲིད་གཞུང་། མི་དམངས་འཐུས་ཚོགས། སྲིད་གྲོས་བཅས་ཀྱི་འགོ་ཁྲིད་དང་ནག་ཆུ་གྲོང་ཁྱེར་འབྲེལ་ཡོད་ཚན་པར་ནག་ཆུ་གྲོང་ཁྱེར་གྱི་ཁྲལ་དོན་ཁོངས་གཏོགས་ཀྱིས་ཁྲལ་རིན་གཉིས་གཅོག་གི་ལས་དོན་དོན་འཁྱོལ་གྱི་གནས་ཚུལ་སྙན་སེང་ཞུས་པ་དང་ཁྲལ་དོན་སྲིད་ཇུས་འགྲེལ་བཤད་བརྒྱབ་པ་མ་ཟད། ཁྲལ་ཁྲིམས་དྲིལ་བསྒྲགས་བྱེད་སྒོ་ཡང་སྤེལ་བ་རེད། ནག་ཆུ་གྲོང་ཁྱེར་སྤྱི་བདེ་ཅུས་དང་། དམངས་སྲིད་ཅུས། ཟོག་འགྲེམས་ལྟེ་གནས་དོ་དམ་ཅུས་སོགས་སྡེ་ཚན་དུ་བསྐྱོད་དེ་ཁྲལ་དོན་བཅའ་ཁྲིམས་དྲིལ་བསྒྲགས་བྱས་པ་དང་། གསེར་རྙེད་ཆུས་ཨུད་དང་ཆུས་སྲིད་གཞུང་དུ་བསྐྱོད་དེ་ཁྲལ་བསྡུའི་བཅའ་ཁྲིམས་དང་སྲིད་ཇུས་དྲིལ་བསྒྲགས་བྱས་ཏེ་གནས་ཐང་འཕར་ཁྲལ་གྱི་སྒྱུར་བཅོས་ཟབ་གཏོང་དང་། ཕྲན་ཚེགས་ཁེ་ལས་ཀྱི་ཁྲལ་རིན་གཉིས་གཅོག་ཀུན་ཁྱབ་སྲིད་ཇུས། སྒེར་གྱི་ཐོབ་ཁྲལ་སྒྱུར་བཅོས་སོགས་ཀྱི་ནང་དོན་གཙོ་གནད་དྲིལ་བསྒྲགས་དང་འགྲེལ་བཤད་བརྒྱབ་པ་རེད།

    མིག་སྔར་གསེར་རྙེད་ཆུས་ཁྲལ་དོན་ཅུས་ཀྱི་རང་འགུལ་ཁྲལ་གཉེར་འཕྲུལ་འཁོར་གྱི་འཁོར་སྐྱོད་བརྟན་པོ་ཡོད་པ་དང་རང་འགུལ་ཁྲལ་གཉེར་འཕྲུལ་འཁོར་ནས་འཛིན་ཤོག་རེ་ཞུ་དང་། འཛིན་ཤོག་རྙིང་བཤེར། འཛིན་ཤོག་བདེན་དཔང་། ཁྲལ་ཞུ་དང་གཱ་གཙང་བཟོ་སོགས་ཀྱི་ལས་སྒོ་གཉེར་གྱི་ཡོད། ན་ནིང་ཟླ་བ་ལྔ་པ་ནས་བཟུང་དངོས་སུ་སྤྱོད་འགོ་ཚུགས་ཚུན། ཁྲལ་དུད་9505ཡིས་རང་འགུལ་གྱི་ཁྲལ་གཉེར་འཕྲུལ་འཁོར་ནས་ལས་སྒོ་གཉེར་ཡོད།

    དེས་མ་ཚད་རྒྱལ་ཡོངས་ཁྲལ་བསྡུའི་དྲིལ་བསྒྲགས་ཟླ་བའི་བྱེད་སྒོའི་རིང་ནག་ཆུ་གསར་འགྱུར་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་དང་། 《ནག་ཆུའི་ཚགས་པར》 “དྲ་འཕྲིན་བྱང་ཐང”སྐད་འཕྲིན་སྤྱི་རྟགས། ཁྲལ་དོན་དྲ་བ། སྐད་འཕྲིན་སྤྱི་རྟགས་སོགས་སྨྱན་སྦྱོར་དང་དྲིལ་བསྒྲགས་སྟེགས་བུ་བརྒྱུད་ཁྲལ་རིན་གཉིས་གཅོག་གི་ཆེད་བསྒྲིགས་ལེ་ཚན་བཟོས་ནས་སྲིད་ཇུས་དྲིལ་བསྒྲགས་ཐེངས་50ཙམ་བྱས་པ་དང་། ཁྲལ་རིན་གཉིས་གཅོག་གི་དྲིལ་བསྒྲགས་དཔྱད་ཡིག་རྐང་15000ཙམ་བཀྲམ་པ། ཁྲལ་འཇལ་བའི་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་4གཉེར་བ། ཁྲལ་འཇལ་བ་587ལ་གཅིག་སྡུད་གསོ་སྦྱོང་བྱས་པ། སྐད་འཕྲིན་དང་། ཁ་པར། གཅིག་གཏད་གཅིག་གི་ཐབས་ལམ་བཅས་ལ་བརྟེན་ནས་སྒོ་རྩར་ཟུར་ཁྲིད། ཁྲལ་གཉེར་ཞབས་འདེགས་ཚོམས་ཆེན་ནས་མི་འདོམས་2513ལ་ཟུར་ཁྲིད་གསོ་སྦྱོང་བྱས་པ། ཁྲལ་གཉེར་ཞབས་འདེགས་ཚོམས་ཆེན་དང་ནག་ཆུ་གྲོང་ཁྱེར་གྱི་གཙོ་གནད་འགྲིམ་འགྲུལ་ལམ་མདོར་གློག་རྡུལ་བརྙན་ལམ་ནས་ཁྲལ་རིན་གཉིས་གཅོག་གི་དྲིལ་བསྒྲགས་སྦྱར་ཡིག་དང་། དྲིལ་བསྒྲགས་པར་གཞི། སྲིད་ཇུས་འགྲེལ་བཤད་བཅས་ཐེངས་180ཙམ་བྱས་པར་བརྟེན། “དམངས་ཕན་ཁྲལ་སྒྲུབ་དང་ཁྲལ་རིན་གཉིས་གཅོག”ནག་ཆུའི་རྒྱ་ཆེའི་ཁྲལ་འཇལ་བས་གྲོས་བསྡུར་མང་པོ་བྱེད་པའི་གླེང་གཞིར་གྱུར་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།