[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་ཏང་ཨུད་ཨུ་ཡོན་ཁོངས་མི་ཁག་གིས་གཞི་རིམ་དངུལ་རྩའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་བརྟག་དཔྱད་དང་ལྟ་སྐུལ་མཛུབ་སྟོན་ཞིབ་ཚགས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-18

    དབུལ་སྐྱོར་གནད་སྨིན་གྱི་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་བ་དང་དབུལ་སྐྱོར་ལས་འགན་དོན་འཁྱོལ་གང་ལེགས་ཡོང་ཆེད། ཉེ་དུས་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་ཏང་ཨུད་ཨུ་ཡོན་ཁོངས་མི་ཁག་གིས་སྔ་རྗེས་སུ་ས་ཁུལ་(གྲོང་ཁྱེར)ཁག་གི་གཞི་རིམ་དུ་བསྐྱོད་དེ་ཞིང་འབྲོག་ཁུལ་གྱི་ཁེ་ལས་ཆུང་ཕྲན་དང་ཞིང་འབྲོག་མང་ཚོགས་ཀྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ལ་ས་ཡུལ་དངོས་སུ་ཕྱོགས་བསྡུས་ཞིབ་བཤེར་དང་ལྟ་སྐུལ་མཛུབ་སྟོན་བྱས་པ་དང་། དངུལ་ཁང་དེ་གའི་གཞི་རིམ་ལས་གཉེར་ཁང་དང་། རྫོང་། ཤང(གྲོང་རྡལ) གྲོང་ཚོ་ཨུ་ལྷན། མཉམ་ལས་ཁང་། ཁེ་ལས་བཅས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣ་དང་དེ་བཞིན་གྲོང་སྡོད་ལས་དོན་རུ་ཁག་དབར་བཞུགས་མོལ་སྤེལ་རེས་བྱས་པ་མ་ཟད། ཞིང་འབྲོག་མང་ཚོགས་དང་དབུལ་ཕོངས་དུད་ཚང་ལ་མཚམས་འདྲི་ཡང་བྱས་པ་རེད།

    བརྟག་དཔྱད་བྱ་ཡུལ་དུ་ཡན་ལག་དངུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཧང་ཀྲང་ལེའུ་ཡུང་ཧྲེང་གིས་རྫོང་ཉིང་ལག་དངུལ་ཁང་དང་ལས་གཉེར་ཁང་ཁག་གིས་གཞི་རིམ་ཏང་སྲིད་ཚན་པ་དང་ཞིང་འབྲོག་ཁུལ་གྱི་ཁྱད་ལྡན་ཐོན་རྫས་ཚོང་གཉེར་ཀུང་སི་དང་སྦྲེལ་མཐུད་ཧུར་ཐག་བྱས་ཏེ་ཞིང་ལས་དངུལ་ཁང་གི་གློག་རྡུལ་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་རྒྱ་ཆེར་ཐུབ་པ་དང་དབུལ་སྒྲོལ་འབབ་འཕར་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་ས་གནས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཐད་ལེགས་སྐྱེས་འབུལ་དགོས་པའི་རེ་བ་བཏོན་པ་མ་ཟད་། གཅིག་ནས་མང་ཚོགས་དབུལ་ཕོངས་ཀྱི་དོན་དངོས་གནས་ཚུལ་དང་ཡུལ་བབ་ལ་བསྟུན་ནས་སྲིད་ཇུས་དོན་འཁྱོལ་གནད་སྨིན་བྱེད་དགོས་པ་དང་། གཉིས་ནས་ཞིང་ལས་དངུལ་ཁང་ནི་མང་ཚོགས་དང་བར་ཐག་ཉེ་ཤོས་དང་ལས་ཚིགས་ཁྱབ་རྒྱ་ཆེ་ཤོས་ཡིན་པའི་ལེགས་ཆ་འདོན་སྤེལ་བྱེད་དགོས་པ། གསུམ་ནས་དུས་རབས་གསར་པའི་དངུལ་རྩའི་དབུལ་སྐྱོར་ལས་དོན་གྱི་བསམ་ཕྱོགས་དང་བྱ་ཐབས་གསར་པར་གཞིགས་ནས་དབུལ་སྐྱོར་གནས་སྨིན་ལས་དོན་གྱི་སྤུས་ཚད་དང་གྲུབ་འབྲས་མཐོ་རུ་གཏོང་དགོས་པ་བཅས་གཞི་རིམ་ལས་བྱེད་ལས་བཟོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་རྣམ་བཤད་གལ་ཆེན་མུ་མཐུད་སློབ་སྦྱོང་དང་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་དགོས་པ་དང་། རང་འགུལ་ངང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ནི“འདུ་ཤེས་བཞི”ལ་ཤུགས་སྣོན་རྒྱག་པ་དང“སྲུང་སྐྱོང་གཉིས”ཐུབ་པ་བྱེད་པའི་བྱ་སྤྱོད་ཀྱི་རྩ་འཛིན་ལ་བརྩིས་ནས་དབུལ་སྐྱོར་གྱི་འགན་འཁྲི་དང་ནུས་ཤུགས་ཞན་དུ་མི་གཏོང་བ་དང་གོམ་སྟབས་མགྱོགས་སུ་གཏོང་བར་རོགས་འདེགས་ཧུར་ཐག་བྱས་ཏེ་དབུལ་སྒྲོལ་ལས་དོན་བདེན་སྒྲུབ་དང་། དབུལ་སྒྲོལ་གྱི་བརྒྱུད་རིམ་ཏན་ཏིག དབུལ་སྒྲོལ་གྱི་གྲུབ་འབྲས་དངོས་བདེན་བཅས་འགན་སྲུང་ཐུབ་པར་བྱེད་པ་དང་། གོམ་སྟབས་རྗེས་མའི་དངུལ་རྩའི་དབུལ་སྐྱོར་གྱི་ལས་དོན་གང་ལེགས་སྤེལ་བའི་ཐད་བླང་བྱ་བཏོན་པ་དང་ཕྱོགས་མཚུངས་གཞི་རིམ་ལས་བྱེད་ལས་བཟོས་གཞི་རིམ་དུ་རྐང་པ་བརྟན་ཚུགས་དང་། དཀའ་སྤྱད་འབད་བརྩོན་གྱིས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། དམངས་ཕན་དངུལ་རྩ་གོང་འཕེལ་ཤུགས་ཆེར་གཏོང་བ། དབུལ་སྐྱོར་གནས་སྨིན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་ས་གནས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་བར་ལེགས་སྐྱེས་གང་མང་འབུལ་དགོས་པའི་རེ་བ་བཏོན་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།