[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ལྗོངས་ཨེ་ཙེ་འགོག་བཅོས་མཐུན་ཚོགས་བཙུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-18

    ཉེ་ཆར། བོད་ཀྱི་ཨེ་ཙེ་འགོག་བཅོས་དང་བླངས་པས་སྐུལ་སློང་བྱས་པ་དང་རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། རང་སྐྱོང་ལྗོངས་དམངས་སྲིད་ཐིང་བཅས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་བོད་ལྗོངས་ཨེ་ཙེ་འགོག་བཅོས་མཐུན་ཚོགས་དངོས་སུ་བཙུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྩ་འཛུགས་དེས་སྲིད་གཞུང་གི་འཕྲོད་བསྟེན་སྡེ་ཚན་དང་གཞོགས་འདེགས་བྱས་ཏེ་སྤྱི་ཚོགས་རྩ་འཛུགས་ཀྱིས་འགོ་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་ལ་འདོན་འོས་པའི་ནུས་པ་བཏོན་ནས་དང་བླངས་པའི་ཞབས་ཞུའི་བྱ་གཞག་གི་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཏན་ཏིག་ནུས་ལྡན་གྱི་ཚོད་ལྟ་དང་ལེགས་སྐྱེས་འབུལ་ངེས་རེད། བོད་ལྗོངས་ཨེ་ཙེ་འགོག་བཅོས་མཐུན་ཚོགས་ནི་སྲིད་གཞུང་གི་འགན་ནུས་སྡེ་ཚན་གྱིས་ལྟ་འདོམས་དང་ལས་སྒོའི་མཛུབ་ཁྲིད་བྱེད་པ་དང་སྤྱི་ཚོགས་རྒྱ་ཁྱབ་ངང་ཞུགས་པའི་སྤྱི་ཕན་རྩ་འཛུགས་ཤིག་རེད། “མཐུན་ཚོགས་དེས་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་ཨེ་ཙེའི་ནད་ཀྱི་ཉེན་ཁ་ཆེ་བའི་མི་ཚོགས་དང་གཙོ་གནད་མི་ཚོགས་ལ་དམིགས་ནས་ཨེ་ཙེའི་ནད་དང་བསེ་དུག་འགོག་བཅོས་ཀྱི་བདེ་ཐང་སློབ་གསོ་དང་བདེ་ཐང་སྐུལ་སྤེལ་བྱེད་སྒོ་སྤེལ་རྒྱུ་དང་། རྣམ་པ་སྣ་ཚོགས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་དང་བདེ་ཐང་སློབ་གསོའི་ཞབས་འདེགས་ཞུ་བ་དེ་བཞིན་ཨེ་ཙེའི་ནད་པ་དང་དྭ་ཕྲུག་ལ་སེམས་ཁམས་ཟུར་ཁྲིད་ཀྱི་བློ་འདྲི་དང་འཚོ་བའི་རོགས་སྐྱོབ་སོགས་བྱེད་མཁན་རེད”ཅེས་བོད་ལྗོངས་ཨེ་ཙེ་འགོག་བཅོས་མཐུན་ཚོགས་ཀྱི་འགན་ཁུར་བ་སྐལ་བཟང་དོན་གྲུབ་ཀྱིས་ངོ་སྤྲོད་བྱས་པ་དང་། བོད་ལྗོངས་ཨེ་ཙེ་འགོག་བཅོས་མཐུན་ཚོགས་དེ་ཨེ་ཙེ་འགོག་བཅོས་དང་བླངས་པ་ལས་གྲུབ་པ་དང་དང་བླངས་པ་ཚང་མ་བོད་ཀྱི་རིམ་ཁག་འཕྲོད་བསྟེན་སྡེ་ཚན་དང་དེ་བཞིན་རང་སྐྱོང་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པས་གཉེར་བའི་ཨེ་ཙེ་དང་། བསེ་དུག འདུས་འདྲིལ་གཅོང་ནད། ཐུམ་འབུའི་ནད་བཅས་འགོག་བཅོས་དང་། མྱུར་སྐྱོབ། རིན་མེད་ཁྲག་སྦྱིན་འབུལ་བ་སོགས་བདེ་ཐང་སློབ་གསོའི་གསོ་སྦྱོང་ལ་ཞུགས་མྱོང་བ་མ་ཟད། རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་སྤྲད་པའི་གསོ་སྦྱོང་ལག་ཁྱེར་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།