[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཉིང་ཁྲི་གྲོང་ཁྱེར་རྨང་བརྟན་དམངས་ཕན་གཞུང་ལས་ཁང་གིས་བབ་བསྟུན་བྱེད་ཐབས་སྤྱད་དེ་གྲོང་སྡོད་ལས་དོན་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-17

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་རྨང་བརྟན་དམངས་ཕན་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་རྨང་བརྟན་དམངས་ཕན་གཞུང་ལས་ཁང་གིས་རང་ངོས་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་རྫས་བྲིན་ཚོང་གི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། ཕན་པ་སྦྱིན་པ། ལམ་ལུགས་བཟོ་བ་སོགས་བབ་བསྟུན་བྱེད་ཐབས་སྣ་ཚོགས་སྤྱད་དེ་གྲོང་སྡོད་ལས་དོན་ལ་རམ་འདེགས་བྱས་པ་དང་། རྫོང་དང་ཆུས་ཁག་གིས་ཀྱང་ཐབས་ལམ་གསར་གཏོད་བྱས་ནས་གྲོང་སྡོད་ལས་དོན་ཆུ་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་རམ་འདེགས་བྱས་པ་རེད།

    བྱེད་ཐབས་དང་པོ། ཉིང་ཁྲི་གྲོང་ཁྱེར་རྨང་བརྟན་དམངས་ཕན་གཞུང་ལས་ཁང་གིས་རྫོང་དང་ཆུས་སོ་སོའི་ཐོན་ཁུངས་ཀྱི་ལེགས་ཆ་སྤྱད་དེ་ཡུལ་ཟོག་ཚོང་ཁང་ཁག་གཅིག་ཏུ་ཉིང་ཁྲི་གྲོང་ཁྱེར་གྱི“གྲོང་ཚོའི(གྲོང་ལྷན)མཉམ་སྡེབ་དཔལ་འབྱོར་གྱི་ཁྱད་ལྡན་ཐོན་རྫས་ཐད་ཚོང་ཁང”བཙུགས་པ་དང་། དྲ་ཐོག་ཚོང་ཁང་དང་ཚོང་ཁང་དངོས་ཟུང་འབྲེལ་གྱི་བྱ་ཐབས་བརྒྱུད་རྫོང་དང་ཆུས་ཁག་གི་གྲོང་ཚོའི(གྲོང་ལྷན)མཉམ་སྡེབ་དཔལ་འབྱོར་གྱི་ཁྱད་ལྡན་ཐོན་རྫས་བྲིན་ཚོང་ཐབས་ལམ་སྔར་བས་རྒྱ་ཆེར་བཏང་བ་དང་གྲོང་ཚོའི་མཉམ་སྡེབ་དང་ཞིང་འབྲོག་པའི་ཡོང་འབབ་མང་དུ་བཏང་ཡོད།

    བྱེད་ཐབས་གཉིས་པ། ཐག་རིང་དཀའ་ཚེགས་ཆེ་བའི་ས་ཁུལ་གྱི་གྲོང་སྡོད་ལས་དོན་རུ་ཁག་གིས་ལས་དོན་སྔར་བས་ལེགས་པའི་སྒོ་ནས་སྤེལ་ཐུབ་པ་བྱེད་ཆེད། ཉིང་ཁྲི་གྲོང་ཁྱེར་རྨང་བརྟན་དམངས་ཕན་གཞུང་ལས་ཁང་གིས་2013ལོ་ནས་བཟུང་ལོ་ལྟར་གྲོང་ཁྱེར་ནོར་སྲིད་ནས་སྤོ་བོ་རྫོང་དང་རྫ་ཡུལ་རྫོང་གི་ཐག་རིང་དཀའ་ཚེགས་ཆེ་བའི་ས་ཁུལ་གྱི་གྲོང་སྡོད་ལས་དོན་རུ་ཁག་19ཚང་མར་འཚོ་བའི་ཁ་གསབ་སྒོར་10000ཐག་གཅོད་བྱེད་རོགས་བྱས་ཡོད། 2018ལོར་ཐག་རིང་གི་དཀའ་ཚེགས་ཆེ་བའི་ས་ཁུལ་གྱི་གྲོང་སྡོད་ལས་དོན་རུ་ཁག་གི་འཚོ་བའི་ཁ་གསབ་དོན་འཁྱོལ་བྱས་ཡོད།

    བྱེད་ཐབས་གསུམ་པ། ཉིང་ཁྲི་གྲོང་ཁྱེར་རྨང་བརྟན་དམངས་ཕན་གཞུང་ལས་ཁང་གིས་གྲོང་སྡོད་རུ་མི་སྒེར་གྱི་ལོ་མཇུག་དཔྱད་སྡོམ་གྱི་ལམ་ལུགས་འཚོལ་ཞིབ་བྱས་ནས་ཧུར་ཐག་བཟོས་པ་དང་། རྫོང་དང་ཆུས་ཁག་གི་རྨང་བརྟན་དམངས་ཕན་གཞུང་ལས་ཁང་གིས་གྲོང་སྡོད་ལས་དོན་རུ་མི་སོ་སོའི་རང་འགན་གཙང་སྒྲུབ་དང་། འགན་འཁྲི་ཁུར་ཕོད་པ། རང་འགུལ་ངང་བྱ་སྤྱོད་སྤེལ་བ། སྒྲིག་ཁྲིམས་ནན་པོ་སྲུང་བ་སོགས་ལ་དཔྱད་ཞིབ་བྱས་པ་དང་། གྲོང་སྡོད་རུ་མིའི་ལོ་མཇུག་དཔྱད་ཞིབ་ཀྱི་གནས་ཚུལ《གྲོང་སྡོད་རུ་མི་སྒེར་གྱི་ལོ་མཇུག་གི་དཔྱད་སྡོམ་རེའུ་མིག》ནང་བཅུག་པ་མ་ཟད།《གྲོང་སྡོད་རུ་མི་སྒེར་གྱི་ལོ་མཇུག་གི་དཔྱད་སྡོམ་རེའུ་མིག》མངགས་གཏོང་ཚན་པར་གོང་ཞུ་བྱས་ཡོད།

    ཉིང་ཁྲི་གྲོང་ཁྱེར་རྨང་བརྟན་དམངས་ཕན་གཞུང་ལས་ཁང་གི་བཀོད་སྒྲིག་འོག་ཁོངས་གཏོགས་ཀྱི་རྫོང་དང་ཆུས་ཁག་དང་ཤང་དང་གྲོང་རྡལ་ཁག་གིས་བྱེད་ཐབས་གསར་གཏོད་བྱས་ཏེ་གྲོང་སྡོད་ལས་དོན་ལ་རམ་འདེགས་བྱས་ཡོད། རྫ་ཡུལ་རྫོང་རྫ་ཡུལ་རོང་སྟོད་གྲོང་རྡལ་གྱིས་ལས་དོན་སྒྲུབ་ཐབས་བཟང་པོ་འཚོལ་ཞིབ་བྱས་པ་སྟེ། “དེབ་དམར་ནང་གི་ལས་བྱེད་པའི་སྒྲིག་ལམ་བརྩི་སྲུང་ཞུ་བ་དང་། དེབ་སེར་ནང་གི་ཟླ་རེའི་ལས་འགན་དོན་འཁྱོལ། དེབ་སྔོན་ནང་གི་སྐད་གཉིས་རྩིས་ཁྲ་ཐོ་འགོད། དེབ་ལྗང་ནང་གི་གྲོང་སྲོལ་དམངས་ཆིངས་ལག་བསྟར”བཅས་བྱས་པ་རེད། བྱེད་ཐབས་དེ་སྤྱད་པས། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་སྣེ་ཁྲིད་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་ནས་མང་ཚོགས་ལ་ཞབས་འདེཌ་ཡག་པོ་ཞུ་ཐུབ་ཡོད། མེ་ཏོག་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན” བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་དམ་པོར་དམིགས་པ་དང་། རྫོང་དེ་ཉིད་མཐའ་སྲུང་མཐའ་བརྟན་གྱི་མདུན་མར་གནས་པའི་དོན་དངོས་དང་ཟུང་འབྲེལ་བྱས་ནས“མཐའ་མཚམས་ཏང་འཛུགས་སྐྱོང་གི་གསར་བརྗེའི་བར་ཁྱམས་རིང་མོ”ཧུར་ཐག་བཏོད་པ་དང་། “དཔུང་རྟགས་དམར་པོའི་སོ་དམག”གི་བྱེད་སྒོ་སྤེལ་བ། མཐའ་མཚམས་ཀྱི“གསར་བརྗེའི་རྒྱང་བསྒྲཌ་ས་ཚིཌ”འཛུཌ་པ། “མཐའ་མཚམས་ཀྱི་གསར་བརྗེའི་བཙན་རྫོང་དུད་ཁྱིམ”དཔྱད་འདེམས་བྱེད་སྒོ་སྤེལ་བ་བཅས་བྱས་ནས་མཛེས་སྡུག་ལྡན་པའི་མཐའ་མཚམས་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཧུར་ཐག་བསྐྲུན་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།