[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • གཞིས་རྩེས་ཞིང་འབྲོག་ལས་གསར་པའི་གཉེར་སྐྱོང་བྱེད་པོ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ།

    ད་ཆ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་1437ཡོད་པ་དང་ཁྱབ་ཚད་49%ཟིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-14

    ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་ཞིང་འབྲོག་ལས་གསར་པའི་གཉེར་སྐྱོང་བྱེད་པོ་སྐྱེད་སྲིང་ཧུར་ཐག་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་གཏོང་བ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་འཛུགས་པའི་ལས་དོན་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བ། ཞིང་འབྲོག་མང་ཚོགས་ཀྱི་དཔལ་འབྱོར་ཡོང་འབབ་མཐོ་རུ་གཏོང་བ་བཅས་བྱས་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། གྲོང་ཁྱེར་ཡོངས་ཀྱི་གྲོང་ཚོ(གྲོང་ལྷན)1673ཁྲོད་ད་ལྟ་མཉམ་ལས་ཁང་1437ཡོད་པ་དེ་གྲོང་ཚོ(གྲོང་ལྷན)812ལ་ཁྱབ་ནས་ཁྱབ་ཚད་49%ཟིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་གྱི་རྨང་བརྟན་དམངས་ཕན་གཞུང་དོན་ཁང་གིས་གྲོང་ཁྱེར་ཡོངས་ཀྱི་ཁོངས་གཏོགས་ནང་གི་གྲོང་ཚོའི(གྲོང་ལྷན)བསྡོམས་འབོར་དང་། ད་ཡོད་ཀྱི་མཉམ་ལས་ཁང་གི་གྲངས་འབོར། གྲོང་ཚོར(གྲོང་ལྷན)ཡོད་པའི་མཉམ་ལས་ཁང་གི་གྲངས་འབོར། མཉམ་ལས་ཁང་མེད་པའི་གྲོང་ཚོ(གྲོང་ལྷན)གྱི་གྲངས་འབོར་དང་དེ་བཞིན་མཉམ་ལས་ཁང་གི་རིགས། ཡོང་འབབ་གནས་ཚུལ་སོགས་མཐིལ་རྟོགས་ཞིབ་ཕྲ་བྱས་ནས《གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་འཛུགས་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་ནས་རྫོང(ཆུས)ཁག་གི་རྨང་བརྟན་དམངས་ཕན་གཞུང་དོན་ཁང་དང་། ཤང་གྲོང་ཏང་ཨུད། གྲོང་སྡོད་ལས་དོན་རུ་ཁག་བཅས་ཀྱིས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་འཛུགས་པའི་ལམ་བུ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།