[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བཀྲ་ཤིས་ཀྱིས་བོད་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་གོ་སྐབས་ཡག་ཤོས་དེར་དམ་འཛིན་བྱེད་དགོས་ཞེས་གསུངས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-14

    ཟླ་3ཚེས་8ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཆབ་མདོ་གྲོང་ཁྱེར་སློབ་ཆུང་དང་པོའི་དགེ་རྒན་བཀྲ་ཤིས་ཀྱིས་སྡོད་ཁང་ནང་ཤ་སྐམ་པོ་དང་། ཁ་ཟས། གྲོ་མ་སོགས་ཁ་ཏོག་གསར་འགོད་པར་བཏང་བྱུང་།

    འདི་ལོ་ལོ་52ལ་སླེབས་པའི་བཀྲ་ཤིས་ནི་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་མཁར་སྒང་གྲོང་རྡལ་ནས་ཡིན་ཞིང་། ཚེ་སྟོད་ལ་དྲན་གསོ་བྱེད་སྐབས་བཀྲ་ཤིས་ཀྱིས་རང་ཉིད་ཀྱི་སློབ་གཉེར་ལམ་བུར་དྲན་གསོ་གནང་ཞིང་། ཁོང་གིས“རང་ཉིད་ཀྱི་སློབ་གཉེར་ལམ་བུ་ནི་དཀའ་ཚེགས་ཆེ་ལ་ཀྱག་ཀྱོག་ཅིག་ཡིན། འོན་ཀྱང་དེའི་རིང་དགེ་རྒན་ཡག་པོ་འཕྲད་པ་དང་སྲིད་ཇུས་ཡག་པོ་ལོངས་སུ་སྤྱོད་རྒྱུ་བྱུང”ཞེས་གསུངས།

    དུས་རབས་གོང་མའི་ལོ་རབས་80པའི་དུས་འགོར་བཀྲ་ཤིས་ཀྱིས་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཡིག་རྒྱུཌ་འཕྲོད་དེ་བྲག་གཡབ་རྫོང་སློབ་ཆུང་གི་ཞིང་འབྲོག་པའི་བུ་ཕྲུག་འཛིན་གྲྭའི་སློབ་མ་ཞིག་ལ་གྱུར། བྲག་གཡབ་རྫོང་སློབ་ཆུང་གི་ཞིང་འབྲོག་པའི་བུ་ཕྲུག་འཛིན་གྲྭར་ལོ་གསུམ་སློབ་སྦྱོང་བྱས་རྗེས་1983ལོར་བཀྲ་ཤིས་ཆབ་མདོ་ས་ཁུལ་སློབ་འབྲིང་དུ་ཚུད། 1986ལོར་བཀྲ་ཤིས་ཆབ་མདོ་ས་ཁུལ་དགེ་འོས་སློབ་གྲྭར་རྒྱུཌ་འཕྲོད་པ་དང་དགེ་འོས་སློབ་གྲྭ་ཐོན་རྗེས་ཆབ་མདོ་གྲོང་ཁྱེར་སློབ་ཆུང་དང་པོའི་བོད་ཡིག་དགེ་རྒན་ཞིག་ལ་གྱུར་ནས་ད་བར་ལོ་29སོང་ཡོད།

    ད་བར་བོད་ཡིག་དགེ་རྒན་བྱས་ནས་ལོ་30སོང་བ་དང་། མཐོ་རིམ་གོ་མིང་ཐོབ་པའི་དགེ་རྒན་ཞིག་དང་དཔེ་དེབ་ལྟ་ཀློག་ལ་དགའ་བའི་བཀྲ་ཤིས་ཀྱིས་སློབ་མ་ཚོར་སློབ་ཕྱིའི་དཔེ་དེབ་སྣ་ཚོགས་ལྟ་ཀློག་བྱེད་རྒྱུར་སྐུལ་ལྕག་ཆེན་པོ་བྱེད་ཀྱི་ཡོད། དུས་ཡུན་རིང་པོར་ལྟ་ཞིབ་དང་བསམ་གཞིགས་བྱེད་པའི་བརྒྱུད་རིམ་ཁྲོད་བཀྲ་ཤིས་ཀྱིས་སློབ་གྲྭ་འབྲིང་ཆུང་གི་སློབ་མར་ལྟ་ཀློག་བྱེད་རྒྱུ་དང་འཚམ་པའི་བོད་ཡིག་གི་འབྲེལ་ཡོད་སློབ་ཕྱིའི་དཔེ་དེབ་མང་པོ་མེད་པ་ཤེས་རྟོགས་བྱུང་བ་རེད། ཉེ་བའི་ལོ་ཤས་རིང་། བཀྲ་ཤིས་ཀྱིས་སློབ་ཁྲིད་བྱེད་པའི་ཞོར་དུ་ཡིག་སྒྱུར་དང་རྩོམ་སྒྲིག་སོགས་ཀྱི་ལས་ལ་གཞོལ་ནས་གཞོན་ནུ་ཚོའི་དཔེ་དེབ་ལྟ་ཀློག་གི་ཁྱབ་ཁོངས་ནུས་ཤུགས་ཡོད་རྒུས་ཆེ་རུ་བཏང་ཡོད། མིག་སྔར་དེབ་གསུམ་གྱི་འབྲེལ་ཡོད་རྩོམ་འབྲི་དང་ཡིག་སྒྱུར་ལས་དོན་ལེགས་གྲུབ་ཟིན་པ་དང་། ཁོང་གིས་དཔེ་དེབ་དེ་དག་གང་མགྱོགས་པར་སྐྲུན་འགྲེམས་སྤེལ་བྱ་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད།

    འདི་ལོའི་ཟླ་3ཚེས་9ཉིན་བཀྲ་ཤིས་ཀྱིས་2018ལོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲོལ་དཀར་གྱི་རྗེས་སུ“འཐུས་མིའི་བགྲོད་ལམ”ཐོག་བསྐྱོད་ནས“ཨུ་ཡོན་གྱི་བགྲོད་ལམ”ཐོག་སྐྱོད་མཁན་གྱི་བོད་སྡོད་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཨང་དང་པོ་དེ་ཡིན་པ་རེད།

    “རང་ཉིད་ཀྱི་མྱོང་ཚོར་དང་བསྡུར་ན་ད་ཆའི་ཕྲུ་གུ་ཚོ་དེ་བས་ལེགས་པའི་ལོ་རྒྱུས་འཕེལ་རྒྱས་ཀྱི་དུས་སྐབས་སུ་གནས་ཡོད། རྒྱལ་ཁབ་ཀྱིས་བོད་ཀྱི་སློབ་གསོར་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་བ་ནི་སྔར་བྱུང་མྱོང་མེད་པ་ཞིག་རེད། སློབ་མ་ཡིན་ནའང་འདྲ་ཡང་ན་ཁྱིམ་བདག་ཡིན་ནའང་རུང་གང་ལྟར་ཚང་མས་ངེས་པར་དུ་རླབས་ཆེན་གྱི་དུས་རབས་དེར་གཅེས་སྤྲས་བྱེད་དགོས”ཞེས་བཀྲ་ཤིས་ཀྱིས་བརྩེ་དུང་ཟབ་མོའི་སྒོ་ནས་གསུངས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།